- lung ma bstan pa'i chos
- ID:
- T245054
- ལུང་མ་བསྟན་པའི་ཆོས (Tibetan, Tibetan script, Original)
- > lung ma bstan pa'i chos (Tibetan, Latin script, Transliteration-THL Extended Wylie Transliteration)
- > lung matenpé chö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགེ་བའི་ལས་དང་། མི་དགེ་བའི་ལས་གང་གི་ཕྱོགས་སུ་མ་ལྷུང་བའི་གཉིད་ཉལ་བ་ལྟ་བུའི་མིང་སྟེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་ལས། དེ་ལ་དགེ་བ་དང་མི་དགེ་བ་ནི་དམ་པ་རྣམས་ཀྱིས་ལུང་དུ་བསྟན་པ་རྒྱུ་འདི་ལ་འབྲས་བུ་འདི་འབྱུང་གི་ངེས་པ་ཅན་ཏེ་རྒྱུ་དགེ་བ་སྤྱད་པ་ལས་འབྲས་བུ་བདེ་བར་འབྱུང་། རྒྱུ་མི་དགེ་བ་སྤྱད་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་གསུངས་སོ། །ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བ་གང་ཡང་མ་ཡིན་པའི་ལས་ལ་བྱ་དགོས་སོ། །ཞེས་གསུངས་པ་ལྟར་དང་། ལུང་མ་བསྟན་པའི་ཆོས་ཀྱི་རྣམ་གཞག་ཏུ་སྔ་རབས་པ་རྣམས་ཀྱིས་གཉིད་ཉལ་བ་དང་། ཕག་པ་ཁྱིས་དེད་པའི་ཚེ་བྲོས་ནས་མཆོད་རྟེན་ལ་བསྐོར་བ་བྱས་པ་ལྟ་བུ་བྱས་པ་སྣང་།
- language:
- Tibetan