Skip to main content Skip to search
lus kyi rtsa gdud grol
ID:
T245080
  • ལུས་ཀྱི་རྩ་གདུད་གྲོལ (Tibetan, Tibetan script, Original)
    • > lus kyi rtsa gdud grol (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lü kyi tsa dü drol (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་སྲོལ་ལ། མི་རྣམས་ཀྱི་ལུས་ཀྱི་སྤྱི་བོ་ནས་ལྟེ་བའི་བར་དུ་རྩ་ཡི་གཙོ་བོ་གསུམ་དང་། འཁོར་ལོ་བཞི་ཡོད་པའི་ནང་གི་རྩ་ཡི་གཙོ་བོ་གསུམ་དང་། རོ་མ། རྐྱང་མ། དབུ་མ་གསུམ་ཡིན། དེ་ལ་སྤྱི་བོ། མགྲིན་པ། ལྟེ་བ་རྣམས་ལ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་ནས་བསྡོམས་པའི་མདུད་པ་སྟེང་འོག་གཉིས་རེ་དང་། སྙིང་ཁར་རོ་རྐྱང་གཉིས་ཀྱིས་གཡས་གཡོན་ནས་རེས་མོས་སུ་འཁྱུད་པའི་མདུད་པ་གསུམ་རེ་བསྡོམས་པའི་དྲུག་ཡོད་པར་བཤད།

language:
Tibetan