- lus rnam snang gi chos bdun ldan
- ID:
- T245099
- ལུས་རྣམ་སྣང་གི་ཆོས་བདུན་ལྡན (Tibetan, Tibetan script, Original)
- > lus rnam snang gi chos bdun ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > lü namnang gi chödün den (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ལ། སྒོམ་བྱེད་སྐབས་སུ་རང་གི་ལུས་ཀྱི་འདུག་ལུགས་ཐུན་མོང་མ་ཡིན་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པར་ཆོས་བདུན་དང་ལྡན་པའི་ངང་ནས་སྡོད་དགོས། ཆོས་བདུན་ནི། ༡.རྐང་པ་རྡོ་རྗེ་དཀྱིལ་ཀྲུང་། ༢.ལག་པ་མཉམ་བཞག ༣.སྐེད་པ་དྲང་པོར་བསྲངས། ༤.ཁ་ཧ་ཅང་གདངས་པ་དང་བཙུམས་པ་མིན་པར་ལྕེ་རྩེ་རྐན་ལ་སྦྱར། ༥.མགོ་བོ་རྒྱབ་མདུན་དུ་མ་གཡོ་བར་སྣ་རྩེ་ནས་རྡེའུ་འཕངས་ན་ལྟེ་བར་འབབ་པའི་ཚུལ་དུ་བསྲངས། ༦.མིག་སྣ་རྩེར་ཕབ། ༧.ཕྲག་པ་རང་སར་གློད་པ་བཅས་བདུན་ཡིན། འདུག་ལུགས་དེ་ལྟར་བྱས་ན་སེམས་མི་གཡེང་བ་དང་། བྱིང་རྨུགས་གཉིད་འཐིབས་ལ་སོགས་པ་མི་འབྱུང་བའི་ཁྱད་ཡོད་ཅེས་བཤད།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ལ། སྒོམ་བྱེད་སྐབས་སུ་རང་གི་ལུས་ཀྱི་འདུག་ལུགས་ཐུན་མོང་མ་ཡིན་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པར་ཆོས་བདུན་ལྡན་པའི་ངང་ནས་སྡོད་དགོས། ཆོས་བདུན་ནི། ༡ རྐང་པ་རྡོ་རྗེ་དཀྱིལ་ཀྲུང་། ༢ ལག་པ་མཉམ་བཞག ༣ སྐེད་པ་དྲང་པོར་བསྲངས། ༤ ཁ་ཧ་ཅང་གདངས་པ་དང་བཙུམས་པ་མིན་པར་ལྕེ་རྩེ་རྐན་ལ་སྦྱར། ༥ མགོ་བོ་རྒྱབ་མདུན་དུ་མ་གཡོ་བར་སྣ་རྩེ་ནས་རྡེའུ་འཕངས་ན་ལྟེ་བར་འབབ་པའི་ཚུལ་དུ་བསྲངས། ༦ མིག་སྣ་རྩེ་ཕབ། ༧ ཕྲག་པ་རང་སར་གློད་པ་བཅས་བདུན་ཡིན། འདུག་ལུགས་དེ་ལྟར་བྱས་ན་སེམས་མི་གང་བ་དང་། བྱིང་རྨུགས་གཉིད་འཐིབས་ལ་སོགས་པ་མི་འབྱུང་བའི་ཁྱད་ཡོད་ཅེས་བཤད།
- language:
- Tibetan