- lo rgyus ri mo
- ID:
- T245178
- ལོ་རྒྱུས་རི་མོ (Tibetan, Tibetan script, Original)
- > lo rgyus ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > logyü rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལོ་རྒྱུས་ཐོག་བྱུང་བའི་དོན་རྐྱེན་དང་ལོ་རྒྱུས་ཐོག་གི་ཤོད་ཚུལ་སོགས་བརྗོད་བྱ་བྱས་ཏེ་བྲིས་པའི་རི་མོར་ཟེར། དེའི་ནང་དོན་གཙོ་བོ་ནི་ལོ་རྒྱུས་ཐོག་གི་མི་དམངས་ཀྱི་འཚོ་བ་དང་། སྐབས་དེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དོན་རྐྱེན་སོགས་དང་། བྲི་བྱའི་མི་སྣ་དང་། ཁོར་ཡུག སྤྱི་ཚོགས་ཀྱི་གོམས་སྲོལ། གྱོན་ཆས་དང་རྒྱན་ཆ། བཟོ་སྐྲུན་སོགས་ཚང་མར་ལོ་རྒྱུས་ཀྱི་དོན་དངོས་དང་། དུས་རབས་ཀྱི་ངོ་བོའི་ཚུར་སྣང་སོགས་མཚོན་པར་བྱ། ལོ་རྒྱུས་རི་མོ་ནི་ཡོ་རོབ་ཏུ་རིག་རྩལ་བསྐྱར་དར་དུས་སྐབས་ནས་བཟུང་རང་ཚུགས་ཐུབ་པའི་རི་མོའི་རྣམ་པ་ཞིག་ཆགས་པ་ཡིན། སྐབས་དེར་ལོ་རྒྱུས་རི་མོ་མཁས་ཅན་ཏེ། ཧྥ་རན་སིའི་ཏཱ་ཝེ་དང་། འཇར་མན་གྱི་མེན་ཚེར། པོ་ལན་གྱི་མཱ་ཐ་དབྱི་ཁྱྀ། ཨུ་རུ་སིའི་ལེ་པིན་དང་སུའུ་མི་ཁྱྀ་ཧྥུ་སོགས་སྐད་གྲགས་ཅན་གྱི་རི་མོ་མཁས་ཅན་མང་པོ་ཞིག་ཐོན་ཡོད། ཁོ་ཚོས་ཕུལ་དུ་བྱུང་བའི་ལོ་རྒྱུས་རི་མོ་མི་ཉུང་བ་ཞིག་གསར་གཏོད་བྱས་པ་དང་། ལྷག་པར་དུ་བརྩམ་བྱ་འགའ་ཞིག་གིས་སྐབས་དེའི་སྤྱི་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།
- language:
- Tibetan