Skip to main content Skip to search
lo chung grags 'byor shes rab
ID:
T245184
  • ལོ་ཆུང་གྲགས་འབྱོར་ཤེས་རབ (Tibetan, Tibetan script, Original)
    • > lo chung grags 'byor shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo chung drak jor sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ། ལ་ལས་ལོ་ཆེན་རིན་བཟང་སོགས་ཁྱེའུ་ཉེར་གཅིག་རྒྱ་གར་དུ་ཕེབས་པའི་གྲས་སུ་ཁོང་ཡང་ཡོད་པར་བཞེད། འདི་ཉིད་ཀྱི་འགྱུར་ལ། 《བསྟན་འགྱུར》ལས། 《སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར》 《ལམ་གྱི་རབ་ཏུ་བྱ་བ》 《ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ》 《རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ》 《རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ》 《རྨི་ལམ་ཡིད་བཞིན་ནོར་བུའིགཏམ》 《སྦྱིན་པའི་གཏམ》 《སྲིད་པ་ལས་འདས་པའི་གཏམ》 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》 སོགས་ཡོད་དོ། །

language:
Tibetan

2. Thupten Phuntsok Dictionary

ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ། ལ་ལས་ལོ་ཆེན་རིན་བཟང་སོགས་ཁྱེའུ་ཉེར་གཅིག་རྒྱ་གར་དུ་ཕེབས་པའི་གྲས་སུ་ཁོང་ཡང་ཡོད་པར་བཞེད། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར》ལས། སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར》། ལམ་གྱི་རབ་ཏུ་བྱ་བ》། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ》།རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ》།རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ》།རྨི་ལམ་ཡིད་བཞིན་ནོར་བུའི་གཏམ》།སྦྱིན་པའི་གཏམ》།སྲིད་པ་ལས་འདས་པའི་གཏམ》།དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》སོགས་ཡོད་དོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་སྟོད་མངའ་རིས་སུ་སྐུ་འཁྲུངས། ཁོང་གིས་ལོ་ཆེན་རིན་ཆེན་བཟང་པོ་ (958—1055) སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་ལེགས་སྦྱར་གྱི་སྐད་ལ་ཤིན་ཏུ་མཁས་པས་རྒྱ་གཞུང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་ཆོས་འབྲེལ་གསན། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར》དང་། 《ལམ་གྱི་རབ་ཏུ་བྱ་བ》། 《ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ》། 《རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ》། 《མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ》། 《རྨི་ལམ་ཡིད་བཞིན་ནོར་བུའི་གཏམ》། 《སྦྱིན་པའི་གཏམ》། 《སྲིད་པ་ལས་འདས་པའི་གཏམ》། 《མི་རྟག་པའི་དོན་གྱི་གཏམ》། 《སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་བ》། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང་ཡོད་པ་བཅས་བཞུགས་སོ། །

language:
Tibetan