Skip to main content Skip to search
lo yib sha
ID:
T245203
  • ལོ་ཡིབ་ཤ (Tibetan, Tibetan script, Original)
    • > lo yib sha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo yib sha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཆར་ཉི་ཕོག་པའི་གནས་དང་བསེར་བུའི་བུས་པའི་གདོང་དུ་བཞག་པ་མ་ཡིན་པ་བང་མཛོད་ཀྱི་ནང་དུ་ལོ་གཅིག་ཉར་བའི་སྐམ་རློན་རན་ཞིང་དྲི་སུངས་དང་ལྡན་པའི་ཤའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། ལོ་ཡིབ་ཅེས་པ་འདི་ལ་ཅུང་ཞིག་དཔྱད་ན། ཡུལ་ཕལ་མོ་ཆེ་ལ་ལར་ཤ་རློན་པ་དྲི་སུངས་གནམ་ཞིང་ཧམ་པ་ཆགས་པ་ལ་བྱེད་པར་སྣང་ཡང་། གསུང་རབ་སྤྱི་དང་བྱེ་བྲག་རང་གཞུང་གསོ་དཔྱད་ཀྱི་དགོངས་དོན་སྤྱིར་མཐུན་པ་ལྟར་ན། ལོ་གཅིག་འདས་པའི་ཤ་སྐམ་པོ་ཡང་མ་ཡིན། རློན་པ་ཡང་མ་ཡིན་དྲི་སུངས་དང་ལྡན་པ། ཞེས་གསུངས་པ་ལྟར་རོ། །

language:
Tibetan