Skip to main content Skip to search
sha khri nya khri bya khri gsum
ID:
T245263
  • ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ (Tibetan, Tibetan script, Original)
    • > sha khri nya khri bya khri gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sha tri nya trija tri sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གསུམ་གྱི་མིང་ཡིན།《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་འདིར་ཚིགས་བཅད་ཀྱི་སྐབས་སུ། ཆེ་བ་ཤ་ཁྲི། འབྲིང་པོ་ཉ་ཁྲི། ཆུང་བ་བྱ་ཁྲི་ཡིན་པ་ལྟ་བུ་ཞིག་གསུངས་ཀྱང་། ཚིག་ལྷུག་གྱི་སྐབས་སུ་ཆེ་བ་ཤ་ཁྲི། འབྲིང་པོ་བྱ་ཁྲི། ཆུང་བ་ཉ་ཁྲི་ཡིན་པར་གསུངས་པ་དོན་ལ་རྩོམ་པ་པོའི་བཞེད་པ་ནི་རྗེས་མ་དེ་ཡིན་པར་འདུག《རྒྱལ་རབས་གསལ་བའི་མེ་ལོང》དང《ཡར་ལུང་ཆོས་འབྱུང》གཉིས་ལས་སྲས་གསུམ་གྱི་གོ་རིམ་སྔོན་མ་ལྟར་གསུངས་ནས་ཆུང་བ་བྱ་ཁྲིས་བོད་ཀྱི་རྒྱལ་རྒྱུད་བཟུང་བར་གསུངས། ཀོང་པོ་དེ་མོར་ཡོད་པའི་བྲག་བརྐོས་ཡི་གེའི་ནང་དུ་རྒྱལ་པོ་གྲི་གུམ་བཙན་པོ་ལ་སྲས་གཉིས་ཡོད་པ་དང་གཅེན་པོ་ནི་ཉ་ཁྲི་ཡིན་པ་དང་། དེས་ཀོང་པོའི་རྗེ་བོ་མཛད་པ། གཅུང་པོ་ནི་ཤ་ཁྲི་ཡིན་པ་དང་། དེས་བོད་ཀྱི་རྒྱལ་རྒྱུད་བཟུང་བ་བཅས་བཤད་ཚུལ་མི་འདྲ་བ་སྣང་། ཡང《སོག་པོའི་རྒྱལ་རབས་ཆོས་འབྱུང》ལས། རྒྱལ་པོ་གྲི་གུམ་བཙན་པོ་ལ་སྲས་གསུམ་བྱུང་བའི་ཆེ་བ་བྱ་ཁྲི་དེས་སྤོ་བོའི་རྗེ་བོ་མཛད། འབྲིང་པོ་ཤ་ཁྲིས་ཉང་པོའི་རྗེ་བོ་མཛད། ཆུང་བ་ཉ་ཁྲི་སྟེ་སོག་སྐད་དུ་བོར་ཏ་ཆེ་ནོ་ཟེར་བ་དེས་ཀོང་པོའི་རྗེ་བོ་མཛད་དེ་ཀོང་པོའི་ཡུལ་ནས་བཙུན་མོ་ག་མ་རལ་བྱ་བ་ཞིག་ཁྲིད་ནས། པེལ་གལ་ཟེར་བའི་ཆུ་འགྲམ་གྱི་རི་པུར་ཧན་གལ་ཏུན་ཟེར་བ་དེར་འབྱོར་སྐབས་མི་རྣམས་ཀྱིས་རྒྱལ་པོར་བསྐོས། དེ་ནས་བུ་རྒྱུད་མང་དུ་བྱུང་བ་ལས་ཇིང་གེར་ཧན་གིས་མི་རྒྱུད་བྱུང་བ་ཡིན་ཞེས་བྲིས་འདུག་པས། ཞིབ་ཆ་གོང་དུ་བཀོད་པའི་ཡིག་ཆ་དེ་ཚོར་གཟིགས་པར་ཞུ།

language:
Tibetan

2. Thupten Phuntsok Dictionary

རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གསུམ་གྱི་མིང་ཡིན།ཆོས་འབྱུང་མཁས་པའི་དགའ་སྟོན》ནང་འདིར་ཚིགས་བཅད་ཀྱི་སྐབས་སུ། ཆེ་བ་ཤ་ཁྲི། འབྲིང་པོ་ཉ་ཁྲི། ཆུང་བ་བྱ་ཁྲི་ཡིན་པ་ལྟ་བུ་ཞིག་གསུངས་ཀྱང་། ཚིག་ལྷུག་གི་སྐབས་སུ་ཆེ་བ་ཤ་ཁྲི། འབྲིང་པོ་བྱ་ཁྲི། ཆུང་བ་ཉ་ཁྲི་ཡིན་པར་གསུངས་པ་དོན་ལ་རྩོམ་པ་པོའི་བཞེད་པ་ནི་རྗེས་མ་དེ་ཡིན་པར་འདུག་གོ །

language:
Tibetan