- sha mthang bar
- ID:
- T245279
- ཤ་མཐང་བར (Tibetan, Tibetan script, Original)
- > sha mthang bar (Tibetan, Latin script, Transliteration-THL Extended Wylie Transliteration)
- > sha tangwar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཤ་དང་པགས་པའི་ཕྱི་རྩི་གཉིས་བར་གྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཤ་མཐང་བར་ནི། ཤ་དང་པགས་པའི་ཕྱི་རྩི་གཉིས་ཀྱི་བར་ལ་ཟེར་ཞིང་། མཐང་ནི་མདངས་ཀྱི་བརྡ་རྙིང་པའོ། །ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུའི་ཕྲེང་བའི་མཛེས་རྒྱན་ལས། ཤ་མཐང་བར་ནི། ཤ་མདངས་ཞེས་ཀྱང་བྱ་སྟེ་ཤ་དང་པགས་པའི་ཕྱི་རྩིའི་བར་ན་བ། ཞེས་གསུངས་པ་ལྟར་དང་། གཞན་དུ་ཤ་ཐང་བར་ཞེས་ཀྱང་འབྱུང་བས་དོན་གཅིག་པར་མངོན་ནོ། །
- language:
- Tibetan