- sha nad
- ID:
- T245285
- ཤ་ནད (Tibetan, Tibetan script, Original)
- > sha nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > sha né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཤ་བཙོས་པ་རླངས་བསྲུབས་བྱས་པའམ་ཤ་རླན་བེམ་པ་ཟོས་པ་ལས་བྱུང་བའི་ཤ་དུག་ཆུང་ངུའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་ལས། ཤ་ནད་རྒྱུ་རྐྱེན་སྤྱི་རྟགས་ཤ་དུག་ལས། དུག་ཤ་ཆུང་བས་ཤ་ནད་ཅེས་བྱར་བཏགས། ཞེས་དང་། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། ཤ་རློན་བེམ་དང་བཙོས་པ་རླངས་བསྲུབས་ཅན། ཟོས་པས་འཁྲུ་ཞིང་སྐྱུག་ལ་ཁམས་རྙོག་པས། ཤ་ནད་ཅེས་བྱ་རྟགས་དང་བཅོས་ཐབས་བསྟན། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan