Skip to main content Skip to search
sha gnad bzhi bcu rtsa lnga
ID:
T245287
  • ཤ་གནད་བཞི་བཅུ་རྩ་ལྔ (Tibetan, Tibetan script, Original)
    • > sha gnad bzhi bcu rtsa lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sha né shyibchu tsa nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤ་ཡི་གཉན་བཞི་རྩ་ལྔའི་བསྡུས་མིང་སྟེ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ལུས་ཐིག་ཟླ་བའི་ནོར་བུ་ལས། སྤྱི་གཙུག་བཞག་སྒོར་འཁྱིལ་འདྲ་སྙིང་ལྟར་གཉན། མཚོགས་མ་གཞུ་ཤུལ་བཏང་འདྲ་གློ་ལྟར་འབྱེར། ལྟག་པ་ཉ་ལྡང་གཤིབས་འདྲ་མཆེར་ལྟར་སྦོ། མུར་གོང་ལུག་མཁལ་བརྩེགས་འདྲ་མཁལ་ལྟར་སྐྲངས། དེ་ལྟར་མགོ་ལ་ཤ་གནད་རྣམ་པ་ལྔ། གྲེ་བའི་གཡས་གཡོན་རྒྱང་ཤ་ལས་བྱེད་གཉིས། ཨོལ་གོང་མིད་པར་གནད་དེ་སྐེ་ལ་བཞི། སྒལ་འདབས་བཤུལ་ན་ནག་པོ་ཕྱི་ནང་བཞི། དཔྱི་ཡི་རྟ་ཟུར་གཡས་གཡོན་རྟ་ཤ་གཉིས། བྲང་གི་ངོས་ན་ནུ་ཤ་གཡས་གཡོན་གཉིས། མཆན་ཁུང་བཞག་ན་དཀར་ནག་ཕྱི་ནང་བཞི། དཔུང་པའི་ཐལ་གོང་གཉའ་ཤ་ནག་པོ་གཉིས། སོག་པའི་ཁ་འཁོར་འདར་ཤ་ཁུག་པ་གཉིས། མེ་ལོང་དབུས་ན་འབྲོས་ཤ་ཁྲ་བོ་གཉིས། དེ་ལྟར་བྱང་ཁོག་ཤ་གནད་བཅོ་བརྒྱད་ཡོད། དཔུང་ཚིགས་མཚམས་ནས་སོར་བཞི་ལུག་གཞུག་གཉིས། མཁྲིག་མའི་མཚམས་ནས་གྲུ་མོའི་གཞུ་མཆོག་བར། མཁྱིད་གང་སོར་དྲུག་བཅལ་བར་ཉྭ་སྙིང་བཞི། ལག་མགོའི་མཐེབ་མཛུབ་བར་ན་གར་ཤ་གཉིས། ཆང་བཟུང་སྟེང་གི་ཤ་རྒོད་རྣམ་པ་གཉིས། བརླ་སྒང་སོར་གཉིས་སྒང་ཤ་དཀར་མོ་གཉིས། པུས་མོའི་གཉན་གོང་སོར་བཞི་སྦལ་ནག་གཉིས། སྲེ་ལོང་མཚམས་ནས་མཁྱིད་གང་ཉྭ་མགོ་གཉིས། དེ་ནས་སོར་དྲུག་བཅལ་བར་བྱིན་སྙིང་གཉིས། དེ་ལྟར་ཡན་ལག་བཞི་ལ་བཅོ་བརྒྱད་དེ། དྲིལ་བས་ཤ་གནད་བཞི་བཅུ་རྩ་ལྔར་འདོད། ཅེས་གསུངས་པ་ལྟར་རོ། །

language:
Tibetan