- sha ba 'phreng
- ID:
- T245290
- ཤ་བ་འཕྲེང (Tibetan, Tibetan script, Original)
- > sha ba 'phreng (Tibetan, Latin script, Transliteration-THL Extended Wylie Transliteration)
- > shawa treng (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས་འོད་ཟེར་རྐྱང་གི་ནུབ་དང་། རིན་ཆེན་གླིང་གི་ཤར་ངོས་སུ་ཤ་བ་འཕྲང་ཞེས་པའི་འཕྲང་ལམ་ཞིག་ཡོད་པ་དེའི་ལྷོ་ངོས་བྲག་རི་མཐོན་པོ་ཡིན་པ་དང་། བྱང་དུ་མལ་གྲོ་གཙང་པོ་དེ་ཤར་ནས་ནུབ་ལ་དྲག་ཏུ་རྒྱུག་གི་ཡོད་ཅིང་། འཕྲང་ལམ་དེ་འགྲུལ་ལམ་ལྟེ་བ་ཞིག་འཁེལ་ཐོག་དེ་གར་རྐུན་ཇག་གིས་འགྲུལ་པར་འཕྲོག་བཅོམ་ཡང་ཡང་བྱས་སྟབས་ས་ཁུལ་དེ་བརྒྱུད་ཀྱི་མི་སེར་ཚོའི་བཤད་རྒྱུན་དུ་ཡང་བློ་ཁོག་དེ་ལས་མེད་པར་ཤ་བ་འཕྲང་ལ་འགྲོ་རྒྱུ་ཟེར་གྱི་ཡོད། ཤ་བ་འཕྲང་ཟེར་བའི་དོན་ནི་ཤར་ཕྱོགས་ནས་བལྟས་ཚེ་བྲག་རིའི་རྩེར་རྡོའི་ཤ་བ་ཞིག་གསལ་པོ་མཐོང་རྒྱུ་ཡོད་པ་དང་། བྲག་ལྡེབས་བྱང་ངོས་སུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་དང་། མ་ཎི་ཡིག་དྲུག་སོགས་ཀྱི་རྡོ་བརྐོས་ཡོད། དེང་སང་དེ་བརྒྱུད་རླང་འཁོར་གཞུང་ལམ་འཁེལ་གྱི་ཡོད་ལ་རྡོ་བརྐོས་ཀྱི་སྐུ་དང་ཡི་གེ་སོགས་ད་ལྟ་སྐྱོན་མེད་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས་འོད་ཟེར་རྐྱང་གི་ནུབ་དང་། རིན་ཆེན་གླིང་གི་ཤར་ངོས་སུ་ཤ་བ་འཕྲང་ཞེས་པའི་འཕྲང་ལམ་ཞིག་ཡོད་པ་དེའི་ལྷོ་ངོས་བྲག་རི་མཐོན་པོ་ཡིན་པ་དང་། བྱང་དུ་མལ་གྲོ་གཙང་པོ་དེ་ཤར་ནས་ནུབ་ལ་དྲག་ཏུ་རྒྱུག་གི་ཡོད་ཅིང་། འཕྲང་ལམ་དེ་འགྲུལ་པར་ལམ་ལྟེ་བ་ཞིག་འཁེལ་ཐོག་དེ་གར་རྐུན་ཇག་གིས་འགྲུལ་པར་འཕྲོག་བཅོམ་ཡང་ཡང་བྱས་སྟབས་ས་ཁུལ་དེ་ལས་མེད་པར་ཤ་བ་འཕྲང་ལ་འགྲོ་རྒྱུ་ཟེར་གྱི་ཡོད། ཤ་བ་འཕྲང་ཟེར་བའི་དོན་ནི་ཤར་ཕྱོགས་ནས་བལྟས་ཚེ་བྲག་རིའི་རྩེར་རྡོའི་ཤ་བ་ཞིག་གསལ་པོ་མཐོང་རྒྱུ་ཡོད་པ་དང་། བྲག་ལྡེབས་བྱང་ངོས་སུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་དང་། མ་ནི་ཡིག་དྲུག་སོགས་ཀྱི་རྡོ་བརྐོས་ཡོད། དེང་སང་དེའི་བརྒྱུད་རླངས་འཁོར་གཞུང་ལམ་འཁེལ་གྱི་ཡོད་ཀྱང་་རྡོ་བརྐོས་ཀྱི་སྐུ་དང་ཡི་གེ་སོགས་ད་ལྟ་སྐྱོན་མེད།
- language:
- Tibetan