Skip to main content Skip to search
sha gzugs ri mo
ID:
T245302
  • ཤ་གཟུགས་རི་མོ (Tibetan, Tibetan script, Original)
    • > sha gzugs ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sha zuk rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནུབ་ཕྱོགས་ཀྱི་རི་མོའི་མཚོན་བྱེད་རིགས་ཤིག་ཡིན། དེ་ནི་ཕོ་མོའི་ཤ་གཟུགས་ཀྱིས་བརྗོད་བྱ་བྱེད་པའི་རི་མོའི་རིགས་ཤིག་ཡིན། ཤ་གཟུགས་རི་མོ་ནི་དང་ཐོག་ཞི་ལའི་མིས་ཤ་གཟུགས་ཀྱི་མཛེས་ཆར་མཐོང་ཆེན་བྱས་ཏེ་མིའི་ལུས་པོའི་ཤ་གནད་ཀྱི་མཐའ་བཅད་ཀྱག་ཀྱོག་ལས་གྲུབ་པའི་མཛེས་ཆོས་ཀྱི་བྲོ་བ་འདིར་དངོས་པོ་གང་ཞིག་གིས་ཀྱང་བསྒྲུན་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེང་སྐབས་མཛེས་རྩལ་སློབ་གྲྭ་ཁག་གི་ནང་དུ་ཤ་གཟུགས་རི་མོ་ནི་བློ་དང་པོ་བ་ཚོས་རི་མོ་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྦྱོང་ཚན་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དེ་བཞིན་རི་མོ་བ་ཚོས་ཤ་གཟུགས་རི་མོ་དེ་བཟོ་དབྱིབས་སྐྲུན་པའི་སྒྱུ་རྩལ་གྱི་རྨང་གཞིར་འཛིན་པ་དང་། རི་མོ་གསར་རྩོམ་གྱི་རྒྱུ་ཆ་གཙོ་བོའི་གྲས་སུ་འཇོག་གི་ཡོད་པས་ཤ་གཟུགས་རི་མོའི་སྒྱུ་རྩལ་ནི་རང་ཚུགས་ཐུབ་ཅིང་རིན་ཐང་ལྡན་པའི་སྒྱུ་རྩལ་ཞིག་ཡིན་ནོ། །

language:
Tibetan