Skip to main content Skip to search
shangs pa gser gling pa bkra shis dpal
ID:
T245325
  • ཤངས་པ་གསེར་གླིང་པ་བཀྲ་ཤིས་དཔལ (Tibetan, Tibetan script, Original)
    • > shangs pa gser gling pa bkra shis dpal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shangpa serlingpa tashi pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡབ་རྗེ་བཙུན་མཚན་ཅན་དང་ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་འབྲུག(༡༢༩༢)ལོར་ཡོལ་པོ་གསེར་གླིང་གི་ཡུལ་དུ་སྐུ་བལྟམས། དགུང་ལོ་བདུན་ལ་ཕེབས་སྐབས་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་ལས་འདུལ་མཛོད་དང་། གསང་ཕུར་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོར་སློབ་གཉེར་མཛད། ཆོས་རྗེ་རང་བྱུང་རྡོ་རྗེ་དང་རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་ལ་སོགས་པའི་དམ་པ་མང་པོ་བསྟེན། ཁྱད་པར་དུ་རང་ཡུལ་དང་ཉེ་བའི་མཁས་གྲུབ་དུ་མ་ལས་སྔགས་ཆོས་ཤིན་ཏུ་མང་བ་གསན། རྨོག་ཅོག་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་མང་དུ་ཐོབ། ཡི་དམ་མང་པོའི་ཞལ་གཟིགས། ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་གདམས་ངག་རྣམས་ལེགས་པར་ཞུས། སངས་རྒྱས་སྟོན་པ་ལས་བྱུང་བའི་གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་སུ་ཆུད་པས་ཕྱིས་གདུལ་བྱ་རྣམས་ཀྱང་དེ་གཉིས་ཀྱིས་གཙོ་བོར་བསྐྱངས། དགེ་བའི་བཤེས་གཉེན་སྡེའི་བདག་པོ་དང་མི་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་བཏུད་དེ་འགྲོ་བའི་དོན་མཐའ་ཡས་པ་མཛད། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལ་སོགས་པ་གསུང་གི་སློབ་མ་དུ་མ་བསྐྱངས་ནས་དགུང་ལོ་བདུན་ཅུ་དོན་བཞི་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ(༡༣༦༥)ལོའི་ཟླ་བ་དང་པོའི་ཚེས་བཅུ་དགུ་ཉིན་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

ཡབ་རྗེ་བཙུན་མཚན་ཅན་དང་ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་འབྲུག (༡༢༩༢) ལོར་ཡོལ་པོ་གསེར་གླིང་གི་ཡུལ་དུ་སྐུ་བལྟམས། དགུང་ལོ་བདུན་ལ་ཕེབས་སྐབས་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། གསང་ཕུར་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོར་སློབ་གཉེར་མཛད། ཆོས་རྗེ་རང་བྱུང་རྡོ་རྗེ་དང་། རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་ལ་སོགས་པའི་དམ་པ་མང་པོ་བསྟེན། ཁྱད་པར་དུ་རང་ཡུལ་དང་ཉེ་བའི་མཁས་གྲུབ་དུ་མ་ལས་སྔགས་ཆོས་ཤིན་ཏུ་མང་བ་གསན། རྨོག་ཅོག་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་མང་དུ་ཐོབ། ཡི་དམ་མང་པོའི་ཞལ་གཟིགས། ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་གདམས་ངག་རྣམས་ལེགས་པར་ཞུས། སངས་རྒྱས་སྟོན་པ་ལས་བྱུང་བའི་གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་སུ་ཆུད་པས་ཕྱིས་གདུལ་བྱ་རྣམས་ཀྱང་དེ་གཉིས་ཀྱིས་གཙོ་བོར་བསྐྱངས། དགེ་བའི་བཤེས་གཉེན་སྡེའི་བདག་པོ་དང་མི་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་བཏུད་དེ་འགྲོ་བའི་དོན་མཐའ་ཡས་པ་མཛད། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལ་སོགས་པ་གསུང་གི་སློབ་མ་དུ་མ་བསྐྱངས་ནས་དགུང་ལོ་བདུན་ཅུ་དོན་བཞི་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ (༡༣༦ ༥) ལོའི་ཟླ་བ་དང་པོའི་ཚེས་བཅུ་དགུ་ཉིན་ཞི་བར་གཤེགས།

language:
Tibetan