- shan+ti pa blo gros rgyal mtshan
- ID:
- T245339
- ཤནྟི་པ་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
- > shan+ti pa blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > shanti(?)pa lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་བདུན་པ་འདི་ཉིད་རབ་བྱུང་བརྒྱད་པའི་མེ་ལུག(༡༤༨༧)ལོར་མངའ་རིས་སྟོད་དུ་ཡབ་རིག་འཛིན་ཞི་བ་བཟང་པོ་དང་། ཡུམ་བྱིན་ཟ་ལམ་སྒྲོན་གཉིས་ཀྱི་སྲས་སུ་བལྟམས། དགུང་ལོ་གཉིས་ཙམ་ནས་སྐུ་སྐྱེ་སྔ་མའི་གསུང་མང་དུ་མཛད། དེ་ནས་བཀྲས་ལྷུན་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་གཅིག་པ་ལ་མཁས་གྲུབ་དམ་པ་རིན་ཆེན་དཔལ་བཟང་གི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བློ་གྲོས་རྒྱལ་མཚན་དུ་གསོལ། དགུང་གྲངས་བཅུ་གཉིས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ཐུགས་འཛིན་མཛད། མཁས་མང་དབུས་སུ་བགྲོ་གླེང་གནང་སྐབས་རྣམ་དཔྱོད་ཡངས་པས་ཀུན་གྱིས་བསྔགས་བརྗོད་ཞུས། དེ་ནས་གཙང་དུ་ཕེབས་ལམ་ནས་ཆོས་རྗེ་ཤཱཀྱ་མཆོག་ལྡན་དང་མཇལ་བས་བློ་གྲོས་རྒྱལ་མཚན་གྱི་སྐུ་ཡོན་ལ་བསྔགས་པ་ཚད་མེད་མཛད། དགུང་ལོ་བཅོ་ལྔ་པ་ལ་བཀྲས་ལྷུན་དུ་ཕེབས་ཏེ་པཎ་ཆེན་ཡེ་ཤེས་རྩེ་མོས་མཁན་པོ་དང་། དགེ་རུ་རབ་འབྱམས་པས་སློབ་དཔོན། མཁན་མཆོག་ཤནྟི་པས་དུས་གོ་བར་མཛད་དེ་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་རྗེ་འདི་ལ་ཤནྟི་པ་ཞེས་མཚན་ཐོགས། པཎ་ཆེན་ཡེ་ཤེས་རྩེ་མོ་ལས་བཀའ་གདམས་གླེགས་བམ་ཆ་ལག་ཡོངས་རྫོགས་དང་། དཀའ་ཆེན་བཞི། དབུ་མ་རྩ་འཇུག་གི་ཊཱིཀྐ་རྣམས་གསན། དགུང་ལོ་ཉེར་ལྔ་པར་པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་བཞིན་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་གདན་འདྲེན་དུ་དབུས་སུ་ཕེབས། དགུང་གྲངས་སོ་གཅིག་པར་རྒྱལ་དབང་དགེ་འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས། ལོ་དེ་ནས་བཟུང་དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་ལོ་ཉེར་གཅིག་མཛད། དེ་ནས་བཀྲས་ལྷུན་གདན་སའི་ཁྲི་པ་བདུན་པའི་མཛད་འཁུར་ལོ་མང་བཞེས། ཁྲི་ཟུར་ལ་ཕེབས་རྗེས་མངའ་རིས་ཕྱོགས་སུ་བྱོན་ནས་མཐོ་ལྡིང་གི་ཁྲི་ལ་ཕེབས་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཟབ་ཆོས་ཀྱི་ཆར་ཕབ། གུ་གེ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ། གསུང་རྩོམ།《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་རྣམ་བཤད་སྙིང་པོའི་རྒྱན་གྱི་དགོངས་དོན་གསལ་བར་བྱེད་པའི་མེ་ལོང》ལས་སྐབས་གཉིས་པའི་སྤྱི་དོན། 《དབུ་ཕར་རྣམ་འགྲེལ》གྱི་དགོངས་འགྲེལ་སོགས་ལེགས་བཤད་མང་དུ་མཛད། མཐར་དགུང་གྲངས་གྱ་གཅིག་བཞེས་པ་རབ་བྱུང་བཅུ་པའི་མེ་ཡོས(༡༥༦༧)ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་བདུན་པ་འདི་ཉིད་རབ་བྱུང་བརྒྱད་པའི་མེ་ལུག (༡༤༨༧) ལོར་མངའ་རིས་སྟོད་དུ་ཡབ་རིག་འཛིན་ཞི་བ་བཟང་པོ་དང་། ཡུམ་བྱིན་ཟ་ལམ་སྒྲོན་གཉིས་ཀྱི་སྲས་སུ་བལྟམས། དགུང་ལོ་གཉིས་ཙམ་ནས་སྐུ་སྐྱེ་སྔ་མའི་གསུང་མང་མཛད། དེ་ནས་བཀྲས་ལྷུན་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་གཅིག་པ་ལ་མཁས་གྲུབ་དམ་པ་རིན་ཆེན་དཔལ་བཟང་གི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བློ་གྲོས་རྒྱལ་མཚན་དུ་གསོལ། དགུང་གྲངས་བཅུ་གཉིས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ཐུགས་འཛིན་མཛད། མཁས་མང་དབུས་སུ་བགྲོ་གླེང་གནང་སྐབས་རྣམ་དཔྱོད་ཡངས་པས་ཀུན་གྱིས་བསྔགས་བརྗོད་མཛད། དེ་ནས་གཙང་དུ་ཕེབས་ལམ་ནས་ཆོས་རྗེ་ཤཱཀྱ་མཆོག་ལྡན་དང་མཇལ་བས་བློ་གྲོས་རྒྱལ་མཚན་གྱི་སྐུ་ཡོན་ལ་བསྔགས་པ་ཚད་མེད་མཛད། དགུང་ལོ་བཅོ་ལྔ་པ་ལ་བཀྲས་ལྷུན་དུ་ཕེབས་ཏེ་པཎ་ཆེན་ཡེ་ཤེས་རྩེ་མོས་མཁན་པོ་དང་། དགེ་རུ་རབ་འབྱམས་པས་སློབ་དཔོན། མཁན་མཆོག་ཤཏྣི་པས་དུས་གོ་བར་མཛད་དེ་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་རྗེ་འདི་ལ་ཤནྟི་པ་ཞེས་མཚན་ཐོགས། པཎ་ཆེན་ཡེ་ཤེས་རྩེ་མོ་ལས་བཀའ་གདམས་གླེགས་བམ་ཆ་ལག་ཡོངས་རྫོགས་དང་། དཀའ་ཆེན་བཞི། དབུ་མ་རྩ་འཇུག་གི་ཊཱིཀྐ་རྣམས་གསན། དགུང་ལོ་ཉེར་ལྔ་པར་པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་བཞིན་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་གདན་འདྲེན་དུ་དབུས་སུ་ཕེབས། དགུང་གྲངས་སོ་གཅིག་པར་རྒྱལ་དབང་དགེ་འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས། ལོ་དེ་ནས་བཟུང་དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་ལོ་ཉེར་གཅིག་མཛད། དེ་ནས་བཀྲས་ལྷུན་གདན་སའི་ཁྲི་པ་བདུན་པའི་མཛད་འཁུར་ལོ་མང་བཞེས། ཁྲི་ཟུར་ལ་ཕེབས་རྗེས་མངའ་རིས་ཕྱོགས་སུ་བྱོན་ནས་མཐོ་ལྡིང་གི་ཁྲི་ལ་ཕེབས་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཟབ་ཆོས་ཀྱི་ཆར་ཕབ། གུ་གེ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ། གསུང་རྩོམ།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་རྣམ་བཤད་སྙིང་པོའི་རྒྱན་གྱི་དགོངས་དོན་གསལ་བར་བྱེད་པའི་མེ་ལོང》 ལས་སྐབས་གཉིས་པའི་སྤྱི་དོན།དབུ་ཕར་རྣམའགྲེལ》གྱི་དགོངས་འགྲེལ་སོགས་ལེགས་བཤད་མང་དུ་མཛད། མཐར་དགུང་གྲངས་གྱ་གཅིག་བཞེས་པ་རབ་བྱུང་བཅུ་པའི་མེ་ཡོས (༡༥༦༧) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan