- shab smad lo tsA ba thugs rje dpal
- ID:
- T245340
- ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ (Tibetan, Tibetan script, Original)
- > shab smad lo tsA ba thugs rje dpal (Tibetan, Latin script, Transliteration-THL Extended Wylie Transliteration)
- > shab mé lotsawa tukjé pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལོ་ཙཱ་བ་ནམ་མཁའ་བཟང་པོ་དང་ལོ་ཙཱ་བ་ཤེས་རབ་དཔལ་གཉིས་ཀྱི་ཐུགས་སྲས་དམ་པ་འདི་ཉིད་རིག་གནས་ལ་ཤིན་ཏུ་མཁས་པར་གྱུར་པས་ཙནྡྲ་པའི་འགྲེལ་པ་དྷརྨ་དཱ་རྫོགས་པར་བསྒྱུར། ཀ་ཙན་གཉིས་ལ་འགྲེལ་པ་ཤིན་ཏུ་རྒྱས་ཤིང་མཐའ་ཆོད་པ་བཞུགས་ཚོགས་ཆེན་པོ་རེ་མཛད་ཅིང་། ཐ་སྙད་རིག་གནས་ཀྱི་བཤད་རྒྱུན་རྒྱས་པར་སྤེལ་བ་ལས་སློབ་མ་ཡང་གཙང་དུ་ཆོས་འཁོར་སྒང་པ་ཤེས་རབ་རིན་ཆེན། ཞ་ལུ་པ་གཞུང་བརྒྱ་སྨྲ་བ་བཀྲ་ཤིས་རྒྱ་མཚོ་། གནས་བརྟན་ལེགས་པ་རྒྱལ་པོ། སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི། བོ་དོང་ཤེས་རབ་བཟང་པོ། ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱི། དབུས་སུ་རོང་སྟོན་ཐམས་ཅད་མཁྱེན་པ། རྗེ་བྱམས་པ་གླིང་པ་ལ་སོགས་པའི་མཁས་གྲུབ་དམ་པ་མང་དུ་བྱོན། ཐ་སྙད་རིག་པ་རྒྱས་པར་མཛད་པ་ལ་ཕྱག་རྗེས་ཤིན་ཏུ་ཆེའོ། །འཁྲུངས་འདས་སོགས་མཛད་རྣམ་ཞིབ་པ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
ལོ་ཙཱ་བ་ནམ་མཁའ་བཟང་པོ་དང་ལོ་ཙཱ་བ་ཤེས་རབ་དཔལ་གཉིས་ཀྱི་ཐུགས་སྲས་དམ་པ་འདི་ཉིད་རིག་གནས་ལ་ཤིན་ཏུ་མཁས་པར་གྱུར་པས་ཙནྡྲ་པའི་འགྲེལ་པ་དྷརྨ་དཱ་ས་རྫོགས་པར་བསྒྱུར། ཀ་ཙན་གཉིས་ལ་འགྲེལ་པ་ཤིན་ཏུ་རྒྱས་ཤིང་མཐའ་ཆོད་པ་བཞུགས། ཚོགས་ཆེན་པོ་རེ་མཛད་ཅིང་། ཐ་སྙད་རིག་གནས་ཀྱི་བཤད་རྒྱུན་རྒྱས་པར་སྤེལ་བ་ལས་སློབ་མ་ཡང་གཙང་དུ་ཆོས་འཁོར་སྒང་པ་ཤེས་རབ་རིན་ཆེན། ཞ་ལུ་པ་གཞུང་བརྒྱ་སྨྲ་བ་བཀྲ་ཤིས་རྒྱ་མཚོ། གནས་བརྟན་ལེགས་པ་རྒྱལ་པོ། སྣར་ཐང་ལོ་ཙཱ་བ་སངྒཤྲཱི། བོ་དོང་ཤེས་རབ་བཟང་པོ། ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱི། དབུས་སུ་རོང་སྟོན་ཐམས་ཅད་མཁྱེན་པ། རྗེ་བྱམས་པ་གླིང་པ་ལ་སོགས་པའི་མཁས་གྲུབ་དམ་པ་མང་དུ་བྱོན། ཐ་སྙད་རིག་པ་རྒྱས་པར་མཛད་སྤྱི་སྤྱོད་སྒྲིག་བཀོད་ལ་ཕྱག་རྗེས་ཤིན་ཏུ་ཆེའོ། །འཁྲུངས་འདས་སོགས་མཛད་རྣམ་ཞིབ་པར་མ་རྙེད།
- language:
- Tibetan