- shar skal ldan rgya mtsho
- ID:
- T245350
- ཤར་སྐལ་ལྡན་རྒྱ་མཚོ (Tibetan, Tibetan script, Original)
- > shar skal ldan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > shar kalden gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་རེབ་གོང་གསེར་ལྗོངས་ཞེས་བྱ་བའི་ཡུལ་དབུས་རྒྱལ་ཐང་དུ་རོང་པོའི་མཁར་ཡབ་འབུམ་རྒྱལ་དང་ཡུམ་ནག་ཡུ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ལུག(༡༦༠༧)ལོར་སྐུ་བལྟམས། གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལས་ཀློག་བསླབས། དགུང་ལོ་དྲུག་པ་ཆུ་བྱི(༡༦༡༢)ལོར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་དང་། དགུང་ལོ་བཅུ་པ་ལ་གྲུབ་ཆེན་ལས་རབ་ཏུ་བྱུང་སྟེ་མཚན་སྐལ་ལྡན་ཚོགས་གཉིས་སུ་གསོལ། དགུང་ལོ་བཅུ་གཅིག་ཕེབས་པ་མེ་སྦྲུལ(༡༦༡༧)ལོར་ཡབ་སྲས་མཉམ་དུ་དབུས་སུ་ཕེབས། དགའ་ལྡན་དགོན་དུ་སྟག་ལུང་བྲག་པ་དང་མཇལ་ཅིང་དགེ་ཚུལ་བསྒྲུབས། མཚན་སྐལ་ལྡན་རྒྱ་མཚོར་གསོལ། ལོ་དེའི་དགུན་ཆོས་སུ་གདན་སའི་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད། རྗེ་ཚུལ་ཁྲིམས་ཆོས་འཕེལ་དང་། རྗེ་བློ་གྲོས་རྒྱ་མཚོ། གཙང་པ་དཀའ་ཆེན་བློ་གྲོས་རྣམ་རྒྱལ། རྒྱལ་རོང་བ་མཁས་གྲུབ་བསྟན་པ་དར་རྒྱས་བཅས་བླ་མར་བསྟེན་ནས་དགུང་ལོ་ཉི་ཤུ་བར་བསྡུས་གྲྭ། དབུ་ཕར། མཛོད། འདུལ་བ། རྣམ་འགྲེལ་ཟུར་བཀོལ་དང་བཅས་པ་གསན་སྦྱོང་མཛད། གཞན་ཡང་ཁྲི་ཆེན་བློ་གྲོས་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། དྭགས་པོ་བསོད་ནམས་ཉི་མ། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་བཀའ་པོད་རབ་འབྱམས་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ལ་ཕེབས་པ་མེ་སྟག(༡༦༢༦)ལོར་གསང་ཕུར་ས་དགེ་གྲྭ་ཚང་བཅུ་ལྷག་གི་མཁས་མང་རྒྱ་མཚོའི་དབུས་སུ་དཀའ་ཆེན་བཅུ་ལས་བརྩམས་པའི་གྲྭ་སྐོར་དམ་བཅའ་གནང་། དེ་ནས་ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཞུས། དགུང་ལོ་ཉེར་གཅིག་པར་རིག་འབྱུང་གྲོང་གི་བདེ་ཆེན་ཆོས་འཁོར་གླིང་དུ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་དང་མཇལ། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ལས་གསང་འདུས་དབང་སོགས་མང་དུ་གསན། ཟབ་གསང་གི་གདམས་པ་མང་དུ་མནོས་པས་རྒྱུད་དོན་ཐམས་ཅད་སྔར་ལྷག་ཐུགས་སུ་ཆུད། དགུང་ལོ་ཉེར་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས(༡༦༢༧)ལོར་མདོ་སྨད་ཀྱི་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུང་ལོ་ཉེར་བཞི་ལ་ཕེབས་པ་ལྕགས་རྟ(༡༦༣༠)ལོར་རོང་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་འཛུགས་ཐོག་གྲྭ་ཚང་གི་ཁྲི་པར་ཕེབས། ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་པས་འཆད་ཉན་ཤིན་ཏུ་འཕེལ། དགུང་ལོ་སུམ་ཅུ་པར་བཀྲ་ཤིས་འཁྱིལ་སོགས་དབེན་གནས་བརྒྱ་ཕྲག་ལ་ལམ་རིམ་དང་རྩ་འགྲེལ་སོགས་ཉམས་བཞེས་ཀྱི་མཐིལ་མཛད། རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ(༡༦༤༡)ལོར་བློན་ཆོས་བློ་བཟང་ཆོས་གྲགས་གླིང་ཁྲིར་བཀོད་ནས་གནས་ངེས་ངེད་དུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་ཁོ་ནར་བརྟེན་ཏེ་དབེན་གནས་མང་པོར་དགེ་སྦྱོར་ལ་བཞུགས། དགུང་ལོ་སོ་བརྒྱད་པར་གྲྭ་ཚང་འདུ་ཁང་དང་སྐུ་འབུམ་ཤར་གྱི་འཇམ་མགོན་ཕོ་བྲང་གསར་དུ་བསྐྲུན། རྒྱད་འབུམ་དངུལ་གྱིས་བཞེངས། ཞེ་གཅིག་པར་མཁར་གོང་ཀླད་ཀྱི་སྒྲུབ་སྡེ་གསར་འདེབས་དང་། ཞེ་གཉིས་པར་དབེན་གནས་བཀྲ་ཤིས་འཁྱིལ་བཀའ་གདམས་ཕོ་བྲང་དུ་གྲགས་པའི་འདུ་ཁང་ཆེན་མོ་བཞེངས། དགུང་ལོ་དྲུག་པ་ཆུ་འབྲུག(༡༦༥༢)ལོར་རྒྱལ་དབང་ལྔ་པ་ཆེན་པོ་ནང་སར་སྤྱན་དྲངས་ཏེ་མཚོ་སྔོན་པོའི་ཡུལ་ལ་ཕེབས་པའི་ཚེ་ལྔ་པ་ཆེན་པོའི་དྲུང་ནས་རྗེས་གནང་དང་བཅས་གསན། སྔོན་གནས་རྗེས་དྲན་དང་ཕྱི་མ་གར་འགྲོ་ལ་སོགས་པའི་མངོན་ཤེས་ཁྱད་པར་ཅན་འཁྲུངས། གདན་ས་རོང་པོ་བདེ་ཆེན་ཆོས་འཁོར་གླིང་གི་འཆད་ཉན་དང་། གླ་ཚང་སྒོམ་གྲྭ། ཁ་བར་སྒོམ་གྲྭ། རྫོང་ཐོག་སྒོམ་གྲྭ་སོགས་སྔ་ཕྱིར་གསར་དུ་བཏབ། སྐུ་ཚེ་གང་པོར་མཛད་པ་མཐའ་དག་བསྟན་འགྲོར་སྨན་ཕྱིར་དབུས་གཙང་གི་ཆ་ཐམས་ཅད་དང་། མདོ་སྨད་ཀྱི་ཡུལ་གྲུ་མཐའ་དག་ལ་ཕེབས་ཏེ། བསྟན་པའི་རྩ་ལག་དགེ་འདུན་གྱི་སྡེ་གསར་འདེབས་དང་ཉམས་གསོ་འཆད་ཉན་སོགས་ཀྱི་རྒྱུན་བསྐྱངས། བཀའ་རྩོམ་སྐྱབས་ཁྲིད་དང་མགུར་མ། ལོ་རྒྱུས། ནང་རིག་སོགས་པོད་ལྔ་བཞུགས། དན་ཏིག་དང་། ཡང་ཏིག ཨན་ཆུང་གནམ་རྫོང་སོགས་རྨ་ཀླུང་ཕྱོགས་ཀྱི་དབེན་གནས་དུ་མ་དང་། ཡར་ནང་གྲུབ་པ་ཐོབ་པའི་གནས་བརྒྱད། རྫོང་ཉིན་བྲག་ཕུག མར་ནང་བྲག་དཀྲར། གཉའ་གོང་བྲག་དཀར། གཤག་རལ་གོང་འོག ཇི་གིན་སྒོམ་བྲག སྟག་ཚང་ལྷ་མོ་སོགས་མཛོད་དགེ། ཁ་གྱ་ཚོ་དྲུག་ཚུན་ཆད་ཀྱི་དབེན་གནས་བརྒྱ་ཕྲག་དུ་མར་ཐུན་དྲུག་ཐུན་བཞིའི་རྣལ་འབྱོར་ལ་གཞོལ་མཐར་དགུང་ལོ་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ(༡༦༧༧)ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་རེབ་གོང་གསེར་ལྗོངས་ཞེས་བྱ་བའི་ཡུལ་དབུས་རྒྱལ་ཐང་དུ་རོང་པོའི་མཁར་ཡབ་འབུམ་རྒྱལ་དང་ཡུམ་ནང་ཡུ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ལུག (༡༦ ༠༧) ལོར་སྐུ་བལྟམས། གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལས་ཀློག་བསླབས། དགུང་ལོ་དྲུག་པ་ཆུ་བྱི (༡༦ ༡༢) ལོར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་དང་། དགུང་ལོ་བཅུ་པ་ལ་གྲུབ་ཆེན་ལས་རབ་བྱུང་སྟེ་མཚན་སྐལ་ལྡན་ཚོགས་གཉིས་སུ་གསོལ། དགུང་ལོ་བཅུ་གཅིག་ཕེབས་པ་མེ་སྦྲུལ (༡༦ ༡༧) ལོར་ཡབ་སྲས་མཉམ་དུ་དབུས་སུ་ཕེབས། དགའ་ལྡན་དགོན་དུ་སྟག་ལུང་བྲག་པ་དང་མཇལ་ཅིང་དགེ་ཚུལ་བསྒྲུབས། མཚན་སྐལ་ལྡན་རྒྱ་མཚོར་གསོལ། ལོ་དེའི་དགུན་ཆོས་སུ་གདན་སའི་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད། རྗེ་ཚུལ་ཁྲིམས་ཆོས་འཕེལ་དང་། རྗེ་བློ་གྲོས་རྒྱ་མཚོ། གཙང་པ་དཀའ་ཆེན་བློ་གྲོས་རྣམ་རྒྱལ། རྒྱལ་རོང་བ་མཁས་གྲུབ་བསྟན་པ་དར་རྒྱས་བཅས་བླ་མར་བསྟེན་ནས་དགུང་ལོ་ཉི་ཤུ་བར་བསྡུས་གྲྭ། དབུ་ཕར། མཛོད། འདུལ་བ། རྣམ་འགྲེལ་ཟུར་བཀོལ་དང་བཅས་པ་གསན་སྦྱོང་མཛད། མཐར་དགུང་ལོ་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ (༡༦༧༧) ལོར་ཞི་བར་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1607 ལོར་མདོ་སྨད་རེབ་གོང་རྒྱལ་ཐང་དུ་ཡབ་མཁར་འབུམ་རྒྱལ་དང་། ཡུམ་སྙིང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1677 ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་པར་རབ་ཏུ་བྱུང་སྟེ་མཚན་ལ་སྐལ་ལྡན་ཚོགས་གཉིས་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་དབུས་གཙང་དུ་ཕེབས། མཁན་ཆེན་བློ་གྲོས་རྒྱ་མཚོ་བླ་མར་བསྟེན་ནས་མཚན་ལ་སྐལ་ལྡན་རྒྱ་མཚོ་ཞེས་གསོལ། དེ་ནས་བྱང་རྩེ་གྲྭ་ཚང་[1691]གི་འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང་། གཙང་དཀའ་ཆེན་བློ་གྲོས་རྣམ་རྒྱལ། མཁས་གྲུབ་བསྟན་དར་སོགས་བླ་མར་བསྟེན་ནས་བསྡུས་སྦྱོར་བློ་རྟགས་དང་བཅས་པའི་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགུང་ལོ་ཉེར་གཅིག་པར་མདོ་སྨད་དུ་ཕེབས། དེ་ནས་སྡེ་པ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་། རྒྱལ་སྲས་བློ་བཟང་བསྟན་འཛིན། རྗེ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་ལ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་གསན། དགུང་ལོ་ཉེར་བཞི་པར་རོང་བོ་དགོན་དུ་མཚན་ཉིད་གྲྭ་ཚང་གསར་འཛུགས་མཛད། དགུང་ལོ་ཞེ་གཉིས་པར་མདོ་སྨད་སྒྲུབ་སྡེ་ཡོངས་ཀྱི་རྒྱན་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཕེབས། ལོ་ངོ་སུམ་ཅུའི་རིང་དུ་སྒྲུབ་སྡེ་དེ་ལ་ཆོས་སྲིད་གཉིས་ཀས་ལེགས་པར་བསྐྱངས། དགུང་ལོ་ཞེ་དྲུག་པར་རྒྱལ་དབང་ལྔ་བ་པེ་ཅིན་དུ་ཕེབས་པའི་ལམ་ནས་བཀའ་ཆོས་ཞུས། སྐུ་ཚེ་གང་བོར་ཐུགས་རྩེ་གཅིག་གིས་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ། སྔ་གཞུག་ཏུ་རི་དན་ཏིག་དང་། ཡང་ཏིག་གནམ་རྫོང་། ཤར་གཉའ་གོང་བྲག་དཀར། རྒྱ་མ་གཤག་རལ། སྟག་ཚང་ལྷ་མོ་ལ་སོགས་པའི་དབེན་གནས་ཉམས་དགའ་བར་བཞུགས་ནས་འགྲོ་དོན་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གཡུ་རྔོག་བསམ་གཏན་རྒྱ་མཚོ། རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས། བློན་ཆོས་བློ་བཟང་ཆོས་གྲགས་བཅས་ཡིན། ཁོང་གི་གསུང་རྩོམ་ནི་《འདུལ་བའི་བསླབ་བྱ་བསྟན་པའི་[1692]མཛེས་རྒྱན》དང་། 《བྱང་སེམས་བསླབ་བྱ་རྒྱལ་སྲས་མཛེས་རྒྱན》། 《སྔགས་ཀྱི་བསླབ་བྱ་རིག་འཛིན་རྒྱན》། 《ཨ་མདོར་བསྟན་པ་དར་ཚུལ་གྱི་ལོ་རྒྱུས》། 《ཕྱག་ཆེན་ཁྲིད་ཡིག》། 《ལམ་རིམ་གསོལ་འདེབས》། 《བློ་སྦྱོང་ཡིད་ཀྱི་མུན་སེལ》། 《ནཱ་རོ་ཆོས་དྲུག་གི་ཁྲིད》། 《སྔགས་བཀླག་ཐབས》 བཅས་ཆོས་ཚན་ལྔ་བཅུ་ང་བདུན་དུ་བཞུགས་སོ། །
- language:
- Tibetan
shar skal ldan rgya mtsho has 4 other terms directly related to it, which are presented here.