- shi ba la zan skal
- ID:
- T245414
- ཤི་བ་ལ་ཟན་སྐལ (Tibetan, Tibetan script, Original)
- > shi ba la zan skal (Tibetan, Latin script, Transliteration-THL Extended Wylie Transliteration)
- > shiwa la zen kal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་གནའ་རབས་སུ་ཡུལ་ཆོས་ཀྱི་ལུགས་སྲོལ་ལ། མི་ཤི་བའི་རྗེས་སུ་དེའི་ཕ་མ་བུ་ཚ་ཉེ་འབྲེལ་བཅས་ཀྱིས་གཤིན་པོ་དེའི་ཆེད་དུ་ཟས་ཀྱི་སྐལ་བ་དུར་སར་སྐྱེལ་བའམ། ལོ་མཆོད་ཀྱི་སྐབས་སུ་ཟན་སྐལ་བཞག་ན་གཤིན་པོ་དེ་ལ་ཕན་ཞེས་བཤད་སྲོལ་ཡོད། 《རྦ་བཞེད》ནང་ལུགས་སྲོལ་དེ་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོ་བོད་དུ་འབྱོར་རྗེས་ཐོག་མར་བཙུགས་པ་ཡིན་ཞེས་བཤད་པ་དེ་དང<<མཁས་པའི་དགའ་སྟོན>>ནང་གི་བཤད་ཚུལ་གཉིས་མི་མཐུན་པ་འདུག་པ་གང་ཡིན་བརྟག
- language:
- Tibetan
2. Thupten Phuntsok Dictionary
བོད་གནའ་རབས་སུ་ཡུལ་ཆོས་ཀྱི་ལུགས་སྲོལ་ལ། མི་ཤི་བའི་རྗེས་སུ་དེའི་ཕ་མ་བུ་ཚ་ཉེ་འབྲེལ་བཅས་ཀྱིས་གཤིན་པོ་དེའི་ཆེད་དུ་ཟས་ཀྱི་སྐལ་བ་དུར་སར་སྐྱེལ་བའམ། ལོ་མཆོད་ཀྱི་སྐབས་སུ་ཟན་སྐལ་བཞག་ན་གཤིན་པོ་དེ་ལ་ཕན་ཞེས་བཤད་སྲོལ་ཡོད། རྦ་བཞེད》ནང་དུ་ལུགས་སྲོལ་དེ་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོ་བོད་དུ་འབྱོར་རྗེས་ཐོག་མར་བཙུགས་པ་ཡིན་ཞེས་བཤད་པ་དེ་དངམཁས་པའི་དགའ་སྟོན》ནང་གི་བཤད་ཚུལ་གཉིས་མི་མཐུན་པ་འདུག་པ་གང་ཡིན་བརྟག
- language:
- Tibetan