- shing gnyer las khungs
- ID:
- T245439
- ཤིང་གཉེར་ལས་ཁུངས (Tibetan, Tibetan script, Original)
- > shing gnyer las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > shing nyer lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚན་པ་ཞིག་སྟེ། རྒྱུན་ཤིང་ཤིང་གཉེར་ཡང་ཟེར་ཞིང་། དོ་དམ་རྩེ་དྲུང་གཅིག(རིམ་པ་བདུན་པ)ཡོད་པ་དེས་ལྷ་སའི་ཉེ་འཁོར་གྱི་སྦྲགས་དང་ཕྲེང་འགོ་སོགས་ས་ཁུལ་ནས་འཆར་ཅན་ཁྲལ་འབབ་རྒྱས་བཅད་ལྟར་འབུད་ཤིང་གི་ཁྲལ་བསྡུ་བའི་ཐོག་རིན་པ་སྤྲད་དེ་འབུད་ཤིང་ཁྱོན་ཆེ་ཉོ་དགོས་པ་རྣམས་རྩེ་གསོལ་ཐབ་ཏུ་འཆར་ཅན་ཉིན་རེ་བོང་རྒྱབ་ཉི་ཤུ་ཐམ་པ་རེ། མཛད་སྒོ་ཁག་ལ་འཕར་འབུལ། དེ་བཞིན་ཤོད་གསོལ་ཐབ་དང་བཀའ་ཤག་གསོལ་ཐབ་བཅས་ལ་རྒྱུན་ཤིང་ནར་གཏོང་ཞུ་དགོས་ཤིང་། འདིར་བྱུང་སོང་ཁ་མི་འཐབ་པའི་གྱོང་གུན་ཕྲན་བུ་ཡོད་སྟབས་ཤག་ཚང་འབྱོར་ལྡན་ཁག་དང་ཤོད་སྐོར་མི་དྲག་འབྱོར་ལྡན་ཁག་ནས་ཞབས་གསར་དུ་ཞུགས་པ་རྣམས་ལ་བསྐོ་སྲོལ་ཡོད་ཁུལ་ཡང་ཕྱིས་སུ་གཅིག་ཏུ་མ་ངེས། བྱུང་སོང་ཁ་མི་འཐབ་པའི་གུན་གསབ་ཏུ་ལས་འགན་ལོ་གསུམ་འཁྱུར་མཚམས་ཐབ་རྟེན་རྫོང་གཞིས་ཡོང་འབབ་དྲག་པ་རེར་བསྐོ་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚན་པ་ཞིག་སྟེ། རྒྱུན་ཤིང་ཤིང་གཉེར་ཡང་ཟེར་ཞིང་། དོ་དམ་རྩེ་དྲུང་གཅིག (རིམ་པ་བདུན་པ) ཡོད་པ་དེས་ལྷ་སའི་ཉེ་འཁོར་གྱི་སྦྲགས་དང་ཕྲེང་འགོ་སོགས་ས་ཁུལ་ནས་འཆར་ཅན་ཁྲལ་འབབ་རྒྱས་བཅད་ལྟར་འབུད་ཤིང་གི་ཁྲལ་བསྡུ་བའི་ཐོག་རིན་པ་སྤྲད་དེ་འབུད་ཤིང་ཁྱོན་ཆེ་ཉོ་དགོས་པ་རྣམས་རྩེ་གསོལ་ཐབ་ཏུ་འཆར་ཅན་ཉིན་རེ་བོང་རྒྱབ་ཉི་ཤུ་ཐམ་པ་རེ། མཛད་སྒོ་ཁག་ལ་འཕར་འབུལ། དེ་བཞིན་ཤོད་གསོལ་ཐབ་དང་བཀའ་ཤག་གསོལ་ཐབ་བཅས་ལ་རྒྱུན་ཤིང་ནར་གཏོང་ཞུ་དགོས་ཤིང་། འདིར་བྱུང་སོང་ཁ་མི་འཐབ་པའི་གྱོང་གུན་ཕྲན་བུ་ཡོད་སྟབས་ཤག་ཚང་འབྱོར་ལྡན་ཁག་དང་ཤོད་སྐོར་མི་དྲག་འབྱོར་ལྡན་ཁག་ནས་ཞབས་གསར་དུ་པ་རྣམས་ལ་བསྐོ་སྲོལ་ཡོད་ཁུལ་ཡང་ཕྱིས་སུ་གཅིག་ཏུ་མ་ངེས། བྱུང་སོང་ཁ་མི་འཐབ་པའི་གུན་གསབ་ཏུ་མ་ངེས། བྱུང་སོང་ཁ་མི་འཐབ་པའི་གུན་གསབ་ཏུ་ལས་འགན་ལོ་གསུམ་འཁྱུར་མཚམས་ཐབ་རྟེན་རྫོང་གཞིས་ཡོང་འབབ་དྲག་པ་རེར་བསྐོ་སྲོལ་ཡོད།
- language:
- Tibetan