- shing sdong la ngos bzhi ldan dgos
- ID:
- T245442
- ཤིང་སྡོང་ལ་ངོས་བཞི་ལྡན་དགོས (Tibetan, Tibetan script, Original)
- > shing sdong la ngos bzhi ldan dgos (Tibetan, Latin script, Transliteration-THL Extended Wylie Transliteration)
- > shingdong la ngö shyiden gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། ཡོན་རྒྱལ་རབས་སྐབས་ཀྱི་ཧོང་ཀུང་ཝང་གིས་བྲིས་པའི་རི་ཆུ་འབྲི་བའི་མན་ངག་》ཅེས་པའི་ནང་དུ་བཀོད་ཡོད། དེའི་གོ་དོན་ནི་རྒྱལ་སྲོལ་རི་མོ་བ་ཚོས་འབུར་གཟུགས་དང་། ངོས་གསུམ་གྱི་བར་སྟོང་མཚོན་པར་བྱེད་སྐབས་རྒྱུན་དུ་“ངོས་གསུམ་”དང་“ངོས་བཞི་”ཞེས་པའི་མིང་ཚིག་སྤྱོད་ཀྱི་ཡོད། རི་ཆུ་འབྲི་བའི་མན་ངག་》ཅེས་པའི་དཔེ་དེབ་ནང་“ལྗོན་ཤིང་སྡོང་པོར་ངོས་བཞི་དགོས།”ཞེས་འཁོད་པ་དེ་ཐོག་ནས། ལྗོན་ཤིང་འབྲི་སྐབས་ངོས་བཞིའི་བར་སྟོང་མཚོན་དགོས་པ་བཤད་ཡོད།
- language:
- Tibetan