Skip to main content Skip to search
shugs gseb dgon
ID:
T245482
  • ཤུགས་གསེབ་དགོན (Tibetan, Tibetan script, Original)
    • > shugs gseb dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shuk seb gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་གསུམ་པའི་ལྕགས་གླང་སྤྱི་ལོ (༡༡༨༡) ལོར་སྙི་ཕུ་གྱེར་སྒོམ་ཆེན་པོས་བཏབ། བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཤུགས་གསེབ་བཀའ་བརྒྱུད་ཀྱི་མ་དགོན་ཡིན། དགོན་འདིར་གཅོད་ཡུལ་བའི་གདམས་པ་དམིགས་གསལ་དུ་ཉམས་ལེན་དར་སྲོལ་ཆེ། དུས་ཕྱིས་གྲུབ་མཐའ་རྙིང་མར་གྱུར། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་སུ་ཡོད།

language:
Tibetan