- shel dkar gling pa mi 'gyur lhun grub
- ID:
- T245507
- ཤེལ་དཀར་གླིང་པ་མི་འགྱུར་ལྷུན་གྲུབ (Tibetan, Tibetan script, Original)
- > shel dkar gling pa mi 'gyur lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > shel kar lingpa mingyur lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་བཀའ་དྲུང་ཤེལ་གླིང་པ་ཞུ་བ་འདི་ནི་བཀའ་དྲུང་ནོར་རྒྱས་ནང་པ་ཞེས་མཁས་དབང་སྙན་གྲགས་ཅན་དེའི་སྐུ་མཆེད་གཞོན་པ་ཡིན། ཁོང་གཙང་ཤབ་ཤེལ་གླིང་གཞིས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི(༡༨༧༦)ལོར་འཁྲུངས། མི་རིང་བར་ཡབ་ཡུམ་འདས་ཤིང་ཕ་གཞིས་སྟོན་འབྲས་ཞན་པ་སོགས་ཀྱིས་ཁྱིམ་ཀྱི་འཁོས་འབྱོར་ཉམ་ཐག་པར་གྱུར་པས་ཆུ་སྦྲུལ(༡༨༩༣)ལོར་རང་ཁོངས་མི་སེར་དྲག་གྲས་ཀྱི་རོགས་རམ་འོག་ལྷ་སར་རྩིས་ཁང་དུ་སློབ་གཉེར་ལ་ཕེབས། ཁྱེར་འཁོས་ཞན་པས་སྣག་ཤོག་ཉོ་རིན་ཙམ་མེད་ཀྱང་རྩིས་ཁང་གི་ཤོག་རོ་བསྒྲུགས་ཏེ་གད་པར་སྣག་ཚ་སློང་ནས་ཡིག་རྩིས་སྦྱངས། དགའ་ལྡན་ཁྲི་ཐོག་གོ་གཉིས་པ་བྱམས་པ་ཆོས་གྲགས་མཆོག་གིས་འཚོ་གོས་རོགས་རམ་གནང་བ་ལ་བརྟེན་ཤིང་རྟ(༡༨༩༥)ལོར་རྩིས་ཁང་དུ་ཞུགས་ཐུབ་པ་བྱུང་། ཤིང་ལུག(༡༨༩༥)ལོར་ཞབས་སྡོད་ཞུས་ནས་མི་རིང་བར་ཤིང་གཉེར་གྱི་གནས་རིམ་ཐོབ། མེ་སྤྲེལ(༡༨༩༦)ལོར་མངའ་རིས་རྫོང་དགའ་རྫོང་དཔོན་གྱི་ལས་འཁུར་ལོ་གསུམ་དང་ཟླ་བ་གསུམ་བཞེས། དེ་ནས་གཉའ་ནང་རྫོང་དཔོན་དུ་བསྐོ་གཞག་གི་ལས་འཁུར་འཛིན་རིང་གཞུང་འབངས་གཉིས་དགེའི་མཛད་སྤྱོད་ལ་བརྟེན་སྙན་པ་ཆེས་ཆེར་ཁྱབ། དུས་དེའི་རིང་ཁོང་གིས་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་བསྟན་བཅོས་གསུང་རབ་མང་པོར་ཞིབ་བརྩོན་གནང་སྟེ་ཐོས་བསམ་རྒྱ་ཆེན་བརྒྱུད་རིག་གནས་ཀྱི་སྦྱངས་པ་ཕུལ་དུ་ཕྱིན་ཏེ་སྙན་ངག་དང་འབོལ་རྩོམ་ལ་མཁས་པར་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མི་འགྱུར་ལྷུན་གྲུབ་ཀྱི་ཡིག་རྩིས་ལ་གཟིགས་ཏེ་དམིགས་བཀར་མིང་འདོན་གྱིས་མེ་རྟ(༡༩༠༦)ལོར་བཀའ་དྲུང་དུ་བསྐོ་བཞག་བསྩལ། ལྕགས་ཁྱི(༡༩༡༠)ལོར་ཆིང་གོང་མའི་དམག་བོད་དུ་ལྷགས་སྐབས་ཏཱ་ལའི་བླ་མའི་སྐུའི་རྗེས་སུ་འབྲངས་ཏེ་རྒྱ་གར་ལ་ཕེབས་ནས་ཀ་ལོན་སྦུག་དང་རྡོ་རྗེ་གླིང་དུ་ལོ་གསུམ་བཞུགས། ལྕགས་ཕག(༡༩༡༡)ལོར་རྒྱ་གར་རྡོ་རྗེ་གླིང་དུ་ཏཱ་ལའི་བླ་མའི་བཀའ་བཞིན<<དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ>>ཞེས་པའི་སྙན་རྩོམ་ཞིག་མཛད་པས་སྐུ་ཕྲེང་བཅུ་གསུམ་པས་མཉེས་ཚོར་ཆེན་པོ་མཛད། དེ་མིན་ཁོང་གིས<<རང་ཚུལ་བརྗོད་པའི་འབེལ་གཏམ>>ཞེས་པ་དང་། <<ཡོད་འདོན་དྲང་ཐིག་མཐོང་བ་འཛུམ་ཤོར>> <<རང་ཚུལ་བརྗོད་པའི་ཀ་བཤད>>སོགས་སྙན་འཇེབས་དོན་ལྡན་གྱི་རྩོམ་འགའ་ཞིག་བརྩམས། ཆུ་བྱི(༡༩༡༢)ལོའི་ལོ་མཇུག་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ ཁོང་ལ་བཀའ་བློན་བསྐོ་གཞག་གནང་ཡང་རིང་པོར་མ་ཐོགས་པར་དགུང་གྲངས་སོ་བརྒྱད་དུ་སོན་པ་རབ་བྱུང་བཅོ་ལྔ་པའི་ཆུ་གླང(༡༩༡༣)ལོར་འདས།
- language:
- Tibetan
2. Thupten Phuntsok Dictionary
མཚན་གཞན་བཀའ་དྲུང་ཤེལ་གླིང་པ་ཞུ་བ་འདི་ནི་བཀའ་དྲུང་ནོར་རྒྱས་ནང་པ་ཞེས་མཁས་དབང་སྙན་གྲགས་ཅན་དེའི་སྐུ་མཆེད་གཞོན་པ་ཡིན། ཁོང་གཙང་ཤབ་ཤེལ་གླིང་གཞིས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི (༡༨༧༦) ལོར་འཁྲུངས། མི་རིང་བར་ཡབ་ཡུམ་འདས་ཤིང་ཕ་གཞིས་སྟོན་འབྲས་ཞན་པ་སོགས་ཀྱིས་ཁྱིམ་གྱི་འཁོས་འབྱོར་ཉམ་ཐག་པར་གྱུར་པས་ཆུ་སྦྲུལ (༡༨༩༣) ལོར་རང་ཁོངས་མི་སེར་དྲག་གྲས་ཀྱི་རོགས་རམ་འོག་ལྷ་ས་རྩིས་ཁང་དུ་སློབ་གཉེར་ལ་ཕེབས། ཁྱེར་འཁོས་ཞན་པས་སྣག་ཤོག་ཉོ་རིན་ཙམ་མེད་ཀྱང་རྩིས་ཁང་གི་ཤོག་རོ་བསྒྲུགས་ཏེ་གད་པར་སྣག་ཚ་སློང་ནས་ཡིག་རྩིས་སྦྱངས། དགའ་ལྡན་ཁྲི་ཐོག་གོ་གཉིས་པ་བྱམས་པ་ཆོས་གྲགས་མཆོག་གིས་འཚོ་གོས་རོགས་རམ་གནང་བ་ལ་བརྟེན་ཤིང་རྟ (༡༨༩༤) ལོར་རྩིས་ཁང་དུ་ཞུགས་ཐུབ་པར་བྱུང་། ལོ་ཤས་ནས་མངའ་རིས་རྫོང་དགའ་དང་གཉའ་ནང་སོགས་ཀྱི་རྫོང་དཔོན་མཛད། བསྟན་བཅོས་གསུང་རབ་ལ་འཇུག་པས་མཁས་པའི་དབང་པོར་གྱུར། ༡༩༡༠ལོར་ཆིང་དམག་བོད་དུ་སླེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་དང་མཉམ་དུ་རྒྱ་གར་དུ་བྲོས། རྒྱ་གར་རྡོ་རྗེ་གདན་དུ་སྐད་གྲགས་ཆོད་པའི་ལྷ་ས་དྲན་གླུ་》ཞེས་པའི་སྙན་རྩོམ་དེ་མཛད། རྗེས་སུ་བཀའ་ཤག་སྲིད་གཞུང་གི་བཀའ་བློན་ཡང་གནང་། དགུང་གྲངས་སོ་བརྒྱད་དུ་སོན་པ་རབ་བྱུང་བཅོ་ལྔ་པའི་ཆུ་གླང (༡༩༡༣) ལོར་འདས།
- language:
- Tibetan