- shog gnon
- ID:
- T245606
- ཤོག་གནོན (Tibetan, Tibetan script, Original)
- > shog gnon (Tibetan, Latin script, Transliteration-THL Extended Wylie Transliteration)
- > shok nön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་སྲོལ་རི་མོ་དང་ཡིག་གཟུགས་འབྲི་སྐབས་ཤོག་བུ་མི་འགུལ་བའི་ཆེད་དུ་སྤྱོད་པའི་ཡོ་ཆས་ཤིག་ཡིན། དེའི་རྒྱུ་ཆ་ནི་རག་དང་། མ་ན་ཧོ། ཆུ་ཤེལ། དཀར་ཡོལ། རྡོ་ཀ་མ་རུ་སོགས་དང་། དེའི་དབྱིབས་ནི་གྲུ་བཞི་ནར་མོ་དང་། དེ་བཞིན་སྲོག་ཆགས་ཀྱི་གཟུགས་ཏེ། རྟ་དང་། ཁྱི། བ་གླང་། ལུག ཤྭ་བ་སོགས་ཡོད། ཡང་ན་ཤོག་གནོན་སྟེང་ལ་མི་སྣ་དང་། རི་ཆུ། བྱ་རིགས་དང་མེ་ཏོག གྲགས་ཅན་མི་སྣའི་ཡིག་གཟུགས་སོགས་བརྐོས་ཡོད་པས་ཤོག་གནོན་རྐྱང་པ་མ་ཡིན་པར་ད་དུང་སྒྱུ་རྩལ་གྱི་མྱོང་རོལ་བྱེད་པའི་ནུས་པའང་ལྡན་ཡོད།
- language:
- Tibetan