Skip to main content Skip to search
shog lheb deb dbyibs can
ID:
T245618
  • ཤོག་ལྷེབ་དེབ་དབྱིབས་ཅན (Tibetan, Tibetan script, Original)
    • > shog lheb deb dbyibs can (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shok lheb deb yibchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོ་དང་ཡིག་གཟུགས་ལ་རྒྱབ་མཐའི་རྒྱན་འབྱར་བྱེད་ཐབས་ཀྱི་དབྱིབས་བཟོའི་རིགས་ཤིག་ཡིན། དེ་ནི་ཤོག་ལྷེབ་རེ་རེ་བཞིན་རྒྱན་འབྱར་བྱས་ནས་དེབ་ཆགས་པའི་རི་མོ་དང་ཡིག་གཟུགས་ཀྱི་བརྩམ་བྱ་ཆུང་རིགས་སམ་རྡོ་རིང་གི་ཡི་གེ་སོགས་བཀོད་ཡོད། རྒྱུན་དུ་པང་ལེབ་ཀྱིས་གཞི་གདན་བྱས་ཏེ་ཉར་ཚགས་སམ་ཡང་ན་སྟབས་བདེའི་བླུགས་སྒམ་དུ་བཞག་ནས་མྱོང་རོལ་བྱེད་པར་སྟབས་བདེ་ཡོང་ཐབས་བྱེད་ཀྱི་ཡོད། ཤོག་ལྷེབ་རྐྱང་པའི་དེབ་དབྱིབས་ཅན་ཡང་ཡོད་པས་པར་སྒྲོམ་གྱི་ནང་དུ་བཅུག་ནས་འགེལ་ནའང་འགྲིག སྤྱིར་བཏང་ཐོག་རྒྱབ་མཐའི་རྒྱན་འབྱར་ལས་གྲུབ་པའི་ཤོག་ལྷེབ་དེབ་དབྱིབས་ཅན་ནི་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གྱེན་དུ་ཁ་ཕྱེ་བའི་རིགས་དང་གཡས་གཡོན་ལ་ཁ་ཕྱེ་བའི་རིགས། དཔེ་ཆ་ལྟེབ་རྩེགས་མའི་རིགས་བཅས་གསུམ་ཡོད།

language:
Tibetan