- shwa na ra ga'i gsang ba
- ID:
- T245643
- ཤྭ་ན་ར་གའི་གསང་བ (Tibetan, Tibetan script, Original)
- > shwa na ra ga'i gsang ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > shana ra gé sangwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཁྱི་དར་མ་ཆགས་པ་མ་སྤྱད་པའི་ཕོ་མཚན་གྱི་གབ་མིང་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། ཤྭ་ན་ར་ག་ཞེས་ལེགས་སྦྱར་གྱི་སྐད་ཡིན་ཏེ། བོད་སྐད་ཤྭ་ན་ཁྱི་དང་། ར་ག་ཆགས་པར་འཇུག་པས་དོན་ཐོབ་ཏུ་ཁྱི་དར་མ་འདོད་པ་མ་སྤྱད་པའི་ཕོ་མཚན་གྱི་གབ་མིང་ངོ་། །ཞེས་གསུངས་པ་ལྟར་དང་། གཞན་དུ་ཆ་ཧར་དགེ་བཤེས་ཀྱིས་མཛད་པའི་ཤེལ་དཀར་མེ་ལོང་ནང་དུ། ཤྭ་ན་ར་ག་ཤ་བ་ཁྲ་བོ་ཞིག་གི་མིང་ཡིན་ཞེས་འདྲ་རིས་ཀྱང་བྲིས་འདུག་པས་བློ་ལྡན་དག་གིས་དཔྱོད་ཅིག
- language:
- Tibetan