Skip to main content Skip to search
gshen yul 'ol mo lung ring
ID:
T245689
  • གཤེན་ཡུལ་འོལ་མོ་ལུང་རིང (Tibetan, Tibetan script, Original)
    • > gshen yul 'ol mo lung ring (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shen yul olmo lung ring (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་བོན་གྱི་ཆོས་ལུགས་གསར་གཏོད་མཛད་པ་པོ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་པར་བོན་གྱི་ཆོས་འབྱུང་དང་ལོ་རྒྱུས་གཞན་དག་མང་པོར་གསལ། ཡུལ་འདི་ས་གནས་གང་དུ་ཡོད་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་འདུག ལོ་རྒྱུས་འགའ་ཞིག་ནང་ཏཱ་སིག་འོལ་མོ་ལུང་རིང་ཞེས་པ་སྟོད་མངའ་རིས་ཞང་ཞུང་གི་ཡུལ་དེ་ཡིན་པ་དང་། བོད་གནའ་རབས་ཀྱི་ཡི་གེ་སྨར་ཡིག་ཟེར་བ་དེ་སོགས་བོད་ཀྱི་ཐོག་མའི་རིག་གནས་མང་པོ་ཞིག་ཞང་ཞུང་གི་ཡུལ་ནས་དར་བར་བཤད། 《བོན་གྱི་ཆོས་འབྱུང》འགའ་ཞིག་ནང་། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་ཤམ་བྷ་ལ་ཟེར་བ་དེ་དང་ཏཱ་སིག་འོལ་མོ་ལུང་རིང་ཞེས་པ་གཉིས་མིང་མི་འདྲ་བ་ལས་དོན་གཅིག་ཡིན་པ་དང་། ལས་སྣང་དག་པ་རྣམས་ཀྱི་མཐོང་སྣང་ལ་དངོས་སུ་མཇལ་རྒྱུ་ཡོད་པ་ལས། སྤྱིར་བཏང་རང་ག་བས་མཐོང་རྒྱུ་མེད་པ་ཞིག་ཡིན་པར་བཤད་འདུག་པ། ཞང་ཞུང་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བའི་སྐོར་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་འདུག་སྙམ།

language:
Tibetan

2. Thupten Phuntsok Dictionary

འདི་བོན་གྱི་ཆོས་ལུགས་གསར་གཏོད་མཛད་པ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་པར་བོན་གྱི་ཆོས་འབྱུང་དང་ལོ་རྒྱུས་གཞན་དག་མང་པོར་གསལ། ཡུལ་འདི་ས་གནས་གང་དུ་ཡོད་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་འདུག ལོ་རྒྱུས་འགའ་ཞིག་དང་ཏཱ་སིག་འོལ་མོ་ལུང་རིང་ཞེས་པ་སྟོད་མངའ་རིས་ཞང་ཞུང་གི་ཡུལ་དེ་ཡིན་པ་དང་། བོད་གནའ་རབས་ཀྱི་ཡི་གེ་སྨར་ཡིག་ཟེར་བ་དེ་སོགས་བོད་ཀྱི་ཐོག་མའི་རིག་གནས་མང་པོ་ཞིག་ཞང་ཞུང་གི་ཡུལ་ནས་དར་བར་བཤད། བོན་གྱི་ཆོས་འབྱུང》འགའ་ཞིག་ནང་། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་ཤམ་བྷ་ལ་ཟེར་བ་དེ་དང་ཏཱ་སིག་འོལ་མོ་ལུང་རིང་ཞེས་པ་གཉིས་མིང་མི་འདྲ་ལས་དོན་གཅིག་ཡིན་པ་དང་། ལས་སྣང་དག་པ་རྣམས་ཀྱི་མཐོང་སྣང་ལ་དངོས་སུ་མཇལ་རྒྱུ་ཡོད་པ་ལས། སྤྱིར་བཏང་རང་ག་བས་མཐོང་རྒྱུ་མེད་པ་ཞིག་ཡིན་པར་བཤད་འདུག་པ། ཞང་ཞུང་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བའི་སྐོར་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་འདུག་སྙམ།

language:
Tibetan