- gshong mo che dgon
- ID:
- T245698
- གཤོང་མོ་ཆེ་དགོན (Tibetan, Tibetan script, Original)
- > gshong mo che dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > shongmo ché gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཤོང་མོ་ཆེ་བྱང་ཆུབ་བདེ་ཆེན་གླིང་དང་། གཤོང་མོ་ཆེ་བཀྲ་ཤིས་འཁྱིལ་ཞེས་ཀྱང་འབྲི་སྲོལ་འདུག ཧོར་མོའི་སྒོམ་རྒན་ཞུ་བའི་བླ་མ་ཞིག་གིས་བཏབ། འདིའི་ཡང་སྲིད་ཨ་ཡང་སྦྱིན་པ་རྒྱ་མཚོ་ཞེས་པ་དགོན་གསར་རིན་ཆེན་དགེ་འཕེལ་གླིང་འདེབས་མཁན་དེ་ཡིན། རབ་བྱུང་བཅུ་གསུམ་པའི་ས་ཕག་སྤྱི་ལོ (༡༧༧༩) ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་རྒྱ་ནག་ཏུ་ཕེབས་སྐབས་ཧོར་མོའི་སྒོམ་རྒན་ལ་བསྟོད་བསྔགས་བཏང་ཚུལ་གྱི་ལོ་རྒྱུས་གསལ་བར་བརྟགས་ན་ཕལ་ཆེར་སྐབས་དེའི་སྐོར་ཞིག་ནས་དགོན་པ་འདི་བཏབ་ཡོད་པར་སེམས། གྲུབ་མཐའ་དགེ་ལུགས་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད།
- language:
- Tibetan