- bsher khang las khungs
- ID:
- T245731
- བཤེར་ཁང་ལས་ཁུངས (Tibetan, Tibetan script, Original)
- > bsher khang las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > sher khang lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚན་པ་ཞིག་སྟེ། དེ་སྔ་ལྷ་ས་གཙུག་ལག་ཁང་གི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་བཞིའི་ལས་ཁུངས་ཁག་བཞི་ཡོད་པའི་ཡ་གྱལ་བྱང་དུ་ཡོད་པའི་དྲག་པོ་མཚོན་བྱེད་ཀྱི་ལས་ཁུངས་དེ་ཡིན་ཞིང་། འདི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་གསར་དུ་བཙུགས། ལས་ཁུངས་འདིའི་ལས་བྱེད་དོ་དམ་མི་སྣ་ཡང་ཤོད་དྲུང་གཉིས་དང་། དོ་དམ་སོ་སོས་སྒེར་བཙུགས་ཀྱི་དྲུང་ཡིག་གཉིས། ཤར་རྒྱུད་ཁང་གཉེར་དང་གད་པ་བཅས་མི་གྲངས་བཅུ་སྐོར་ཡོད། ལས་ཁུངས་འདི་གཞི་རྩའི་ཐོག་ཁྲིམས་ལུགས་ལས་ཁུངས་ཤིག་ཡིན་པས་ཁྲིམས་ཡིག་དེབ་གཞི་ཁག་བདག་གཉེར་རྩ་བཟུང་གིས་རྫོང་གཞིས་ཁག་ཏུ་མི་བསད་བྱུང་རིགས་ལ་ཞིབ་དཔྱད་འཆར་གཞི་གཏོང་བ། ལྷ་ས་གཙུག་ལག་ཁང་གི་རྟེན་གསུམ་མཆོད་ཆས་ཚང་མའི་རྟེན་དེབ་བཤེར་ཁང་ནས་འགོད་ཉར་ཐོག་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་དང་ཐུགས་རྗེས་གཙོས་པའི་ལྷའི་དབུ་རྒྱན། སྙན་རྒྱན། ཐུགས་རྒྱན། གསེར་ཀོང་། དངུལ་ཀོང་སོགས་མཆོད་ཆས་རྣམས་དཀོན་གཉེར་དཔོན་ལ་རྩིས་སྤྲོད་དང་། གསར་དུ་འབུལ་སྦྱོར་དབུ་རྒྱན་སྙན་རྒྱན་སོགས་འབུལ་སྤམ་ཆེ་རིགས་སྨོས་མེད་ཐོག་ཐ་ན་གཡུ་བྱུར་རྡོག་གྲངས་རེ་གཉིས་ཡན་རྟེན་དེབ་ཏུ་བཀོད་དེ་བཀའ་ཤག་གི་དམ་ཞུ་བྱེད་དགོས། རྒྱ་ཁྱབ་རྫོང་གཞིས་ཁག་ནས་ལོ་གསར་ལེགས་འབུལ་ཞེས་པའི་དངུལ་དང་། རྒྱ་ཁྱབ་ཏུ་ལྷ་མཁན་ཡོད་ཚད་ནས་ལྷ་ཁྲལ་ཞེས་པའི་དངུལ་བཅས་བསྡུས་ཏེ་ལོ་གསར་ཚེས༢ནས༣བར་སོ་སོར་ཏཱ་ལའི་བླ་མ་དང་གནས་ཆུང་ཆོས་སྐྱོང་གི་མདུན་དུ་སྟར་སྒྲིག་བྱེད་པ། གནས་ཆུང་ཆོས་སྐྱོང་ཕེབས་སར་ལྷ་སྐྱོང་སྲུང་འདོམས་དང་། ཕྱི་ལ་བསྐྱོད་སྐབས་སྤོས་སྣེར་འགྲོ་རྒྱུ་བཅས་ཀྱི་འགན་དབང་སྤྱོད་པ་ཡིན། རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ(༡༩༥༦)ལོར་བཤེར་ཁང་ལས་ཁུངས་འདི་གྱོད་ཞིབ་ལས་ཁུངས་སུ་ཟླ་སྒྲིལ་བཏང་རྗེས་གོང་གསལ་འགན་དབང་རྣམས་གྱོད་ཞིབ་ལས་ཁུངས་ནས་སྤྱོད་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
འདི་ནི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚན་པ་ཞིག་སྟེ། དེ་སྔ་ལྷ་ས་གཙུག་ལག་ཁང་གི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་བཞིའི་ལས་ཁུངས་ཁག་བཞི་ཡོད་པའི་ཡ་གྱལ་བྱང་དུ་ཡོད་པའི་དྲག་པོ་མཚོན་བྱེད་ཀྱི་ལས་ཁུངས་དེ་ཡིན་ནོ།
- language:
- Tibetan