- sa skya khri chen rin po che ngag dbang mthu stobs dbang phyug
- ID:
- T245752
- ས་སྐྱ་ཁྲི་ཆེན་རིན་པོ་ཆེ་ངག་དབང་མཐུ་སྟོབས་དབང་ཕྱུག (Tibetan, Tibetan script, Original)
- > sa skya khri chen rin po che ngag dbang mthu stobs dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > sakya tri chen rinpoche ngawang tutob wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་སྐྱ་ཁྲི་ཆེན་བཞི་བཅུ་པ་ཡིན། ཡབ་རྗེ་འཛམ་གླིང་ཆེ་རྒུ་དབང་སྡུད་དང་ཡུམ་དབང་སྡུད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ༡༩༠༠ལོར་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཐུགས་ཀྱི་སྤྲུལ་པ་དང་ཡོངས་འཛིན་སློབ་དཔོན་གྲགས་པ་རྣམ་རྒྱལ། སློབ་དཔོན་སྨོན་ལམ་སོགས་ལས་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པ་དང་ཀྱཻ་རྡོར་སོགས་ཀྱི་ཆོ་ག་ཕྱག་ལེན་རྔ་རོལ་འདོན་དབྱངས་སོགས་སློབ་གཉེར་གནང་། རྡོ་རྗེ་འཆང་དྲག་ཤུལ་འཕྲིན་ལས་རིན་ཆེན་ལས་ལམ་འབྲས་དང་། ངོར་ཨེ་ཝཾ་མཁན་ཆེན་དང་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་སྒྲུབ་ཐབས་ཀུན་བཏུས་གསན་བསམ་བསྙེན་སྒྲུབ་དང་འཆད་སྤེལ་རྒྱ་ཆེར་མཛད་ཅིང་། བར་ལམ་གདན་ས་ཆེན་པོར་གཞུང་པོད་ཆེན་དྲུག་ལ་རྩོད་པ་ཙམ་ལས། གྲགས་ཆེན་བཅོ་བརྒྱད་ཀྱི་གཞུང་ལ་མགོ་མཇུག་ཆ་ཚང་ལ་བཤད་པ་བྱེད་པའི་རྒྱུན་ཉམས་པ་ཡང་བཤད་གྲྭ་གསར་བཙུགས་མཛད། བསྟན་པའི་རྩ་བ་གཞི་གསུམ་སླར་གསོ་ཡང་མཛད། རྒྱལ་བསྟན་དམ་ཆོས་གཞི་མ་ཤིང་པར་གང་འཚམས་ཤིག་གསར་བསྐྲུན་དང་། བོད་གཞུང་གི་རོགས་རམ་དང་མགོན་གཙང་རྫོང་ཁག་བཅུ་དྲུག་གི་ས་ཁུལ་ནས་ཤིང་ཆ་སོགས་ཀྱི་མཐུན་རྐྱེན་དང་བཅས་པས་ལྷ་ཁང་ཆེན་མོ་ཉམས་གསོ་སྤུས་ལེགས་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། མཐར་ལྕགས་སྟག་སྤྱི་ལོ༡༩༥༠་ལོའི་ཟླ་ཚེས་༢༠ཉིན་སྐུའི་བཀོད་པ་བསྡུས་སོ། །
- language:
- Tibetan