- sa skya bdag chen ngag dbang kun dga' 'phrin las bkra shis
- ID:
- T245754
- ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་འཕྲིན་ལས་བཀྲ་ཤིས (Tibetan, Tibetan script, Original)
- > sa skya bdag chen ngag dbang kun dga' 'phrin las bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
- > sakya dak chen ngawang kün ga trinlé tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་ས་སྐྱ་ཁྲི་ཆེན་ངག་དབང་ཐུབ་སྟོབ་དབང་ཕྱུག་གི་གདུང་སྲས་སྐུ་གཞོན་ཡིན། སྤྱི་ལོ༡༩༣༤ལོར་ཤིང་བྱི་ལོར་ས་སྐྱའི་ཕུན་ཚོགས་ཕོ་བྲང་དུ་འཁྲུངས་ཤིང་། སྐྱབས་མགོན་ཐུབ་བསྟན་བཟང་པོའི་ཡང་སྲིད་ཡིན། ཡབ་རྡོ་རྗེ་འཆང་དང་ངོར་མཁན་ཆེན་དམ་པ་རིན་པོ་ཆེ། ཡོངས་འཛིན་སློབ་དཔོན་བཤད་སྒྲུབ་སོགས་ལས་ཟབ་ཆོས་ལམ་འབྲས་དང་གསེར་ཆོས་བཅུ་གསུམ། སྒྲུབ་ཐབས་བརྒྱ་རྩ་སོགས་གསང་སྔགས་ཀྱི་ཆོས་སྐོར་དང་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གཞུང་བཤད་ཀྱང་གསན་སྦྱོང་མཛད། ས་སྐྱ་ཆོས་བྱང་གི་ལས་རིམ་དཔལ་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་སྨད་ལས་དགྲ་བགེགས་སྒྲོལ་བར་གསུང་ཆོས་ཟླ་བ་གཅིག་རིང་གནང་བ་ནས་བཟུང་། ཡི་དམ་ཁག་གི་བསྙེན་པ་དང་སྒྲུབ་མཆོད་ཁག་གི་སློབ་དཔོན་བླ་མ་གོང་མའི་ཕྱག་ལེན་ལྟར་ཆ་ཚང་མཛད་པ་མ་ཟད། གནོད་སྦྱིན་ཙུའི་དམར་པོའི་གཏོར་རྒྱག་སྐབས་གཏོར་མ་ཁ་བསྒྱུར་པ་སོགས་རྟགས་ཁྱད་པར་ཅན་བྱུང་བ་སྐྱེ་བོ་མང་པོས་གླེང་། ངོར་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་དགེ་སློང་གི་སྡོམ་པ་ཞུས་རྗེས་རྩ་བ་བཞི་པོ་འགལ་མེད་མིག་གི་འབྲས་བུ་ལྟར་སྲུང་སྡོམ་མཛད་ཅིང་། ནུབ་གླིང་ཨ་རིར་བཞུགས་ཏེ་མཐར་སྤྱི་ལོ༡༩༩༨ལོར་ས་སྟག་ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས།
- language:
- Tibetan