- sa skya bdag chen 'jigs bral ngag dbang kun dga' bsod nams
- ID:
- T245755
- ས་སྐྱ་བདག་ཆེན་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས (Tibetan, Tibetan script, Original)
- > sa skya bdag chen 'jigs bral ngag dbang kun dga' bsod nams (Tibetan, Latin script, Transliteration-THL Extended Wylie Transliteration)
- > sakya dak chen jikdral ngawang kün ga sönam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་གི་གདུང་སྲས་སྐུ་བགྲེས་ཡིན། སྤྱི་ལོ༡༩༢༩ལོར་ས་སྦྲུལ་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་དུ་འཁྲུངས་ཤིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་བྱས། ངོར་ཨེ་ཝཾ་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཆོས་ཀྱི་ཉི་མའི་ཡང་སྲིད་ཀྱང་ཡིན། ཡབ་རྗེ་དང་ངོར་ཁང་གསར་མཁན་ཆེན། མཁྱེན་བརྩེའི་ཡང་སྲིད་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ། མཁན་པོ་བྱམས་པ་སངས་རྒྱས་རིན་ཆེན་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་ལམ་འབྲས་ཚོགས་སློབ་དང་སྒྲུབ་ཐབས་ཀུན་བཏུས། གདམས་ངག་མཛོད་ལ་སོགས་པ་གསན་བསམ་གནང་། གདན་ས་དཔལ་ལྡན་ས་སྐྱ་དང་། མདོ་སྨད་མི་ཉག་དཔལ་ལྷ་དགོན་སོགས་སུ་གསུང་ངག་ལམ་འབྲས་སོགས་བཀའ་ཆོས་མང་པོ་གནང་། མདོ་ཁམས་ཀྱི་དགོན་སྡེ་མང་པོར་གཞུང་ཆེན་གྱི་བཤད་གྲྭ་གསར་འཛུགས་དང་སྔར་ཡོད་རྒྱ་བསྐྱེད་སོགས་བསྟན་དོན་རྒྱ་ཆེར་མཛད། ས་སྐྱའི་འཁོན་གདུང་སྤེལ་བའི་ཆེད་དུ་མདོ་ཁམས་སྒ་སྟོད་ཐར་ལུང་ནས་ཡིན་པ་བདག་ཡུམ་འཇམ་དབྱངས་དཔལ་མོ་ཁབ་ཏུ་བཞེས་གདུང་སྲས་ལྔ་ཡོད་དེ། གདུང་སྲས་མཉྫུ་བཛྲ་དང་། ཨ་ནནྡ་བཛྲ། མ་ཏི་བཛྲ། ཛ་ཡ་བཛྲ། 〓སཱ་དྷུ་བཛྲ་བཅས་ཡིན། བོད་ལ་དུས་འགྱུར་ཆེན་མོ་བྱུང་སྐབས་རྒྱ་གར་དུ་ཕེབས་ཤིང་། ད་ལྟ་དགུང་ལོ་བདུན་བཅུ་དོན་བདུན་ལ་ཕེབས་ནས་ནུབ་གླིང་ཨ་རིར་སྐལ་ལྡན་གྱི་གདུལ་བྱ་དུ་མར་ཟབ་རྒྱས་ཆོས་འཁོར་སྐོར་བཞིན་པའོ། །
- language:
- Tibetan