Skip to main content Skip to search
sa skya bdag chen nam khri chen
ID:
T245756
  • ས་སྐྱ་བདག་ཆེན་ནམ་ཁྲི་ཆེན (Tibetan, Tibetan script, Original)
    • > sa skya bdag chen nam khri chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sakya dak chen nam tri chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་སྐྱ་པས་སྐྱབས་མགོན་རྩེ་ཞེས་འབོད་སྲོལ་ཡོད་ཅིང་། དེ་ནི་འཁོན་གྱི་རིགས་ལས་མཆེད་པའི་ས་སྐྱའི་གདུང་རྒྱུད་གང་རུང་ཞིག་ས་སྐྱའི་སྲིད་ཀྱི་འགན་འཁུར་བ་མཛད་པ་དང་། ལྷ་སྡེ་མི་སྡེའི་ཚོགས་འདུ་རྒྱས་འཛོམས་ཀྱི་ཐོག་གོ་བསྡུར་གྱིས་ཁྲི་གསོལ་མཛད་སྲོལ་དང་། དུས་ཕྱིས་ཕོ་བྲང་གཉིས་སུ་གྱེས་ཏེ་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་གཉིས་ཁྲི་པ་རེས་འཁོར་ལྟ་བུར་མཛད་སྲོལ་བྱུང་བ་དེ་ཡང་སྔར་ལམ་འཆར་ཕུལ་ཕྱག་རྟགས་དགོངས་དོན་ཁྲི་པ་གསར་པ་ལྷ་སར་ཁྲི་མཇལ་ཞུ་བཅར་གྱིས་སྔར་སྲོལ་མཛད་སྒོར་རྟེན་འབྲེལ་ཞུ་བར་སྔར་སྲོལ་ལྟར་ས་གནས་སྲིད་གཞུང་དང་བཀྲས་ལྷུན་བླ་བྲང་སོ་སོའི་སྐུ་ཚབ་དཔོན་རིགས་མངགས་གཏོང་བཅས་ཁྲི་ཕེབས་རྟེན་འབྲེལ་གཟབ་རྒྱས་གནང་སྲོལ་ཡོད། ཁྲི་ཆེན་ནི་ས་སྐྱའི་ཆོས་སྲིད་གཉིས་ཀའི་གཙོ་འཛིན་མཐོ་ཤོས་ཡིན་པ་མ་ཟད། མཚན་གནས་ཐོབ་ཐང་བོད་ཀྱི་ཧོ་ཐོག་ཐུ་ཡོངས་ཀྱི་ཨང་དང་པོ་ཡིན་གཤིས་ལྷ་སར་ཕེབས་སྐབས་ཀྱང་ཕེབས་བྱམས་ལི་ཝང་ནང་ཕེབས་སྲོལ་ཡོད་པ་མ་ཟད། སྐྱིད་ཚལ་ཀླུ་ལྡིང་དུ་གཞུང་ཞབས་སེར་སྐྱ་བརྒྱད་ཆིབས་ཞབས་སུ་བཅར་དགོས་ལ། ཏཱ་ལའི་བླ་མ་མཆོག་གི་མཇལ་ཁའི་སྐབས་བདག་ཆེན་ལ་ཧོ་ཐོག་ཐུ་གཞན་དང་མི་འདྲ་བའི་བཞུགས་གདན་གདན་འཕར་གྱི་གདན་ཐོབ་ཀྱང་ཡོད། ས་སྐྱའི་ཆོས་ཕྱོགས་ཀྱི་མཛད་གཙོ་ལྷ་ཆེན་མཁན་ཁྲི་ཞེས་མཁན་པོ་དང་། སྲིད་ཀྱི་གཙོ་བོའི་འགན་འཁུར་མཁན་མཛོད་པ་འཕོ་ལེན་སྐབས་གསར་པ་བདག་ཁྲི་རང་ཉིད་ནས་བསྐོ་གཞག་གིས་གཟིམ་ཆུང་འགག་ཏུ་མགྲོན་བརྒྱུད་ཀྱི་བཀའ་བསྒྱུར་གནང་སྲོལ་ཡོད་དོ། །

language:
Tibetan