Skip to main content Skip to search
sa skya dpon chen shAkya bzang po
ID:
T245760
  • ས་སྐྱ་དཔོན་ཆེན་ཤཱཀྱ་བཟང་པོ (Tibetan, Tibetan script, Original)
    • > sa skya dpon chen shAkya bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sakya pön chen shakya zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་སྐྱ་པཎྜི་ཏ་ཆེན་པོ་ཡོན་རྒྱལ་རབས་ཀྱི་རྒྱལ་བུ་གོ་དན་གྱིས་གདན་དྲངས་ཏེ་བྱོན་ཁར་ཤཱཀྱ་བཟང་པོ་དཔོན་ཆེན་དུ་བསྐོས། གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་ཟམ་ཀླུ་གུ་མིན་དབང་ཧུའི་ཞེས་པའི་ཆོ་ལོ་དང་ཐམ་ཁ་སྤྲད། ས་སྐྱ་པཎ་ཆེན་གོ་དན་གྱིས་གདན་དྲངས་པའི་ལོ་རབ་བྱུང་བཞི་པའི་ཆུ་ཡོས༡༢༤༣ལོར་ནས་རབ་བྱུང་ལྔ་པའི་ལྕགས་རྟ༡༢༧༠ལོར་བར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་ས་སྐྱའི་དཔོན་ཆེན་བྱས། རབ་བྱུང་བཞི་པའི་ཤིང་གླང༡༢༦༥ལོར་ས་སྐྱའི་ལྷ་ཁང་ཆེན་མོ་བཞེངས་པའི་འགོ་ཚུགས་ནས་མཇུག་མ་སྒྲིལ་གོང་རབ་བྱུང་ལྔ་པའི་ལྕགས་རྟ༡༢༧༠ལོར་འདས། འདིའི་ལོ་རྒྱུས་སྐོར་སྟག་ཚང་པ་དཔལ་འབྱོར་བཟང་པོས་བརྩམས་པའིརྒྱ་བོད་ཡིག་ཚང》ལ་གཞི་བྱས་ཏེ་བྲིས།

language:
Tibetan