- sa skya'i bla brang go bzhir gyes pa
- ID:
- T245762
- ས་སྐྱའི་བླ་བྲང་གོ་བཞིར་གྱེས་པ (Tibetan, Tibetan script, Original)
- > sa skya'i bla brang go bzhir gyes pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > sakyé labrang go shyir gyepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་སྐྱའི་ནང་སྔར་གདུང་བརྒྱུད་མང་དུ་འཕེལ་བ་ལ་བརྟེན་ནས་བླ་བྲང་བཞིར་ལོགས་སུ་གྱེས་པ་སྟེ། གཞི་ཐོག་བླ་བྲང་དེ་ཡང་འགྲོ་མགོན་འཕགས་པ་སྐུ་གཤེགས་རྗེས་སུ་འགྲོ་མགོན་ཕྱག་ན་སྐུ་དབང་བཙན་པས་ཁོ་རང་གི་སྲས་དྷརྨ་པཱ་ལ་རཀྵྀ་ཏ་གདན་ས་རང་དུ་བཞག སློབ་དཔོན་ཡེ་ཤེས་འབྱུང་གནས་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་གཡོག་མོའི་སྲས་ཡིན་པར་བརྟེན། ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་ས་སྐྱའི་གདུང་བརྒྱུད་ངོ་མ་མིན་ཚུལ་གོང་མ་ཧུ་པེ་ལི་སེ་ཆེན་ཧན་ལ་ཞུས་པར་བརྟེན། གོང་མས་བདག་ཆེན་བཟང་པོ་དཔལ་བ་རྒྱ་མཚོའི་མཐའི་གླིང་ཕྲན་ཞིག་ཏུ་བསྐྲད། དེའི་ཤུལ་དུ་ཕྱག་ན་དང་དྷརྨ་པཱ་ལ་རཀྵྀ་ཏ་གཉིས་ཀ་སྐུ་གཤེགས་པའི་དུས་སུ་ས་སྐྱའི་དཔོན་ཆེན་རྣམས་ཀྱིས་གོང་མར་བདག་ཆེན་བཟང་པོ་དཔལ་བ་ས་སྐྱའི་གདན་སར་ཕེབས་ཆོག་པའི་ཞུ་བ་ནན་ཏན་ཕུལ་བ་བཞིན། བོད་དུ་ཕེབས་ནས་ས་སྐྱའི་གདན་ས་མཛད། ཇོ་མོ་བདུན (ཀུན་དགའ་འབུམ། ཡོན་བདག་མོ། ནམ་མཁའ་རྒྱལ་མོ། གཞོན་ཆུ་འབུམ། ཉི་མ་རིན་ཆེན། ཀུན་སྤང་ལྕམ་མོ། ཁང་གསར་དཔོན་མོ།) ཡོད་པའི་ཀུན་པོ་རྣམས་ལ་བླ་བྲང་གི་སྲས་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་གཅུང་པོ་རྣམས་ལ་བླ་བྲང་བཞི་སོ་སོར་བགོས་ནས་གནང་ཞིང་། དེ་ཡང་། ༡ གཞི་ཐོག་བླ་བྲང་། (བདག་ཆེན་བཟང་པོ་དཔལ་བའི་ཇོ་མོ་གསུམ་པ་ནམ་མཁའ་རྒྱལ་མོའི་སྲས་གསུམ་གྱི་འབྲིང་བ་མཁས་བཙུན་ནམ་མཁའ་ལེགས་པ་ལ་བླ་བྲང་གཅིག་གནང་བ་དེ་ནས་བྱུང་བའི་གདུང་རྒྱུད་རྣམས་ལ་གཞི་ཐོག་བླ་བྲང་པ་ཟེར།) ༢ རིན་ཆེན་སྒང་བླ་བྲང་། (བདག་ཆེན་བཟང་པོ་དཔལ་བའི་ཇོ་མོ་བཞི་པ་གཞོན་ནུ་འབུམ་ལ་སྲས་གསུམ་ཡོད་པའི་འབྲིང་བ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལ་གནང་བའི་བླ་བྲང་ལ་ཟེར) ༣ ལྷ་ཁང་བླ་བྲང་། (བདག་ཆེན་བཟང་པོ་དཔལ་བའི་ཇོ་མོ་གཉིས་པ་ཡོན་བདག་མོར་སྲས་གསུམ་ཡོད་པའི་འབྲིང་བ་ཏཱི་ཤྲི་ཀུན་དགའ་ལེགས་འབྱུང་ལ་གནང་བའི་བླ་བྲང་ལ་ཟེར།) ༤ དུས་མཆོད་བླ་བྲང (འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྤུན་མཆེད་ལ་ཤེལ་གྱི་ཐམ་ཁ་དང་། རིན་ཆེན་སྒང་བླ་བྲང་གི་དབང་ཀུན་དགའ་ལེགས་པ་མིང་སྲིང་གཉིས་ལ་གསེར་གྱི་ཐམ་ཀ་དང་དུས་མཆོད་བླ་བྲང་སྤྲད་པ་ན་མི་རིང་བར་ཕན་ཚུན་མཐུན་པོ་མ་བྱུང་བའི་འགོ་ཚུགས) བཅས་བཞི་ཡིན།
- language:
- Tibetan