- sa bcu'i 'grel pa mdor bsdus bcu
- ID:
- T245785
- ས་བཅུའི་འགྲེལ་པ་མདོར་བསྡུས་བཅུ (Tibetan, Tibetan script, Original)
- > sa bcu'i 'grel pa mdor bsdus bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > sa chü drelpa dordü chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ རབ་ཏུ་དགའ་བ་ནི་མཐོང་སྤང་དང་བྲལ་བའི་ཐུན་མོང་མིན་པའི་དགའ་བ་སྐྱེ་བའི་ལམ། ༢ དྲི་མ་མེད་པ་ནི་རྨི་ལམ་ཙམ་དུ་ཡང་ཚུལ་འཆལ་དྲི་མ་མཐའ་དག་སྤང་བའི་ལམ། ༣ འོད་བྱེད་པ་ནི་བསྒོམས་རྗེས་ཡེ་ཤེས་ཀྱི་འོད་ཀྱིས་གཉིས་སྣང་བུད་ཤིང་བསྲེག་པའི་ལམ། ༤ འོད་འཕྲོ་བ་ཅན་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པའི་ཡེ་ཤེས་ཀྱི་རྗེས་ཐོབ་ཚེ་ལྷག་པའི་འོད་བྱུང་ལམ། ༥ སྦྱང་དཀའ་བ་ནི་སྐྱོན་དང་ཡོན་ཏན་སྤང་བླང་ལ་སེམས་ཀྱང་ཆེས་ཆེར་དཀའ་བའི་ལམ། ༦ མངོན་དུ་གྱུར་པ་ནི་བདེན་པ་བཞི་ལ་མཁས་པས་ཤེས་རབ་རྫོགས་པའི་ཆོས་སྐུར་མངོན་ཕྱོགས་ལམ། ༧ རིང་དུ་སོང་བ་ནི་རིང་འགོགས་མཐར་གཉིས་མེད་བློས་སྐད་ཅིག་རེ་རེར་འཇུག་ལྡོག་ནུས་པའི་ལམ། ༨ མི་གཡོ་བ་ནི་བདེན་པར་འཛིན་པ་དང་ཞི་བདེའི་དོན་དུ་གཉེར་བའི་མི་གཡོའི་ལམ། ༩ ལེགས་པའི་བློ་གྲོས་ནི་སོ་སོ་ཡང་དག་པ་རིགས་པའི་ཆོས་ཀྱི་ཡོན་ཏན་ཐོབ་པའི་ལམ། ༡༠ ཆོས་ཀྱི་སྤྲིན་ནི་ཆོས་ཀྱི་འགྲོ་བའི་དགེ་ཚོགས་གཉིས་སྨིན་ཕྱིར་ལྷུན་གྲུབ་ཆེས་ཆེར་འབེབས་པའི་ལམ། དོན་དང་མ་འབྲེལ་ན་རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་གྱུར་བ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན (དབང་བ་བཅུའང་ཟེར)
- language:
- Tibetan