- sa bcu'i ye shes
- ID:
- T245788
- ས་བཅུའི་ཡེ་ཤེས (Tibetan, Tibetan script, Original)
- > sa bcu'i ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > sa chü yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་དང་པོ་ནས་བཅུ་པའི་བར་ས་སོ་སོའི་སྐྱོན་རྣམས་སེལ་ཞིང་ཡོན་ཏན་རྣམས་རྫོགས་པར་བྱེད་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས་ཁྱད་པར་ཅན་བཅུ་ཡོད་པ་དེ་དག་གོ། བྱེ་སྨྲས་ཐེག་པ་གསུམ་དང་ལམ་ལྔའི་རྣམ་གཞག་ཁས་ལེན་ཀྱང་ས་བཅུའི་ཡེ་ཤེས་མི་འདོད་དེ། ཐེག་ཆེན་གྱི་མདོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་མི་འདོད་པས། དེ་ནས་འབྱུང་བའི་ས་བཅུའི་རྣམ་བཞག་སོགས་ཁས་མི་ལེན་ནོ། །
- language:
- Tibetan