Skip to main content Skip to search
sa 'bri 'khrug pa
ID:
T245826
  • ས་འབྲི་འཁྲུག་པ (Tibetan, Tibetan script, Original)
    • > sa 'bri 'khrug pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sa dri trukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་སྐྱ་བདག་ཆེན་དྷརྨ་པཱ་ལ་རཀྵྀ་ཏས་ས་སྐྱའི་གདན་སར་ཕེབས་ནས་ལོ་ལྔ་ལ་སླེབས་པ་རབ་བྱུང་ལྔ་པའི་ཤིང་བྱ (༡༢༨༥) ལོར་འབྲི་གུང་སྒོམ་པ་ཀུན་རྡོར་རིན་ཆེན་གྱིས་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧུའི་སོག་དམག་ཁྲི་དགུ་ཙམ་བོད་དུ་འཁྲིད་ནས་ས་སྐྱར་དམག་དྲངས། དེ་ནས་ལོ་ལྔ་སོང་བ་རབ་བྱུང་ལྔ་པའི་ལྕགས་སྟག (༡༢༩༠) ལོར་ས་སྐྱའི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་ཁྲི་ལོ་བཞི་པ་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཡོན་རྒྱལ་རབས་གོང་མ་ཧུ་པི་ལི་ཆེན་ཧན་གྱི་བུ་ཐེའི་མུར་བྷོ་ཁས་སྣེ་ཁྲིད་པའི་དམག་དཔུང་དང་མཉམ་དུ་གཙང་དམག་ཕོན་ཆེན་པོ་དང་བཅས་འབྲི་གུང་དུ་དམག་དྲངས། འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེག་བཏངས། གྲྭ་པ་དང་མི་སྐྱ་བསྡོམས་པའི་མི་གྲངས་ཆིག་ཁྲི་ལྷག་ཙམ་བསད། དེ་སྔོན་འབྲི་གུང་པའི་མཆོད་གཞིས་ཁོངས་ཀྱི་མི་སྡེ་ས་ཆ་མང་པོ་ས་སྐྱ་པས་ཕྲོགས། དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་འབྲི་གུང་གླིང་ལོག་ཟེར་ཞིང་། དེ་ནས་བཟུང་དབུས་གཙང་གཉིས་ཀྱི་བོད་རིགས་ནང་ཁུལ་བར་འགལ་ཟླ་ཆེན་པོ་ཆགས་པའི་འགོ་ཚུགས་ཞེས་བཤད་སྲོལ་ཡོད།

language:
Tibetan