Skip to main content Skip to search
sa sbrel ba
ID:
T245831
  • ས་སྦྲེལ་བ (Tibetan, Tibetan script, Original)
    • > sa sbrel ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sa drelwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་རབས་བོད་ཀྱི་ངག་རྒྱུན་ཐོག་བཤད་སྲོལ་ལ། བྲག་སྒོ་ཀགྞི་མཆོད་རྟེན་འདི་ནི་དེ་སྔོན་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོས་ས་དཔྱད་ཉམས་སུ་འཇུག་ཆེད་སེང་གེ་གནམ་མཆོང་འདྲ་བའི་ལྕགས་པོ་རི་དང་གླང་པོ་ཆེ་བྲེས་ལ་ཉལ་བ་འདྲ་བའི་དམར་པོ་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་བཅད། རྗེས་སུ་སྲས་ཁྲི་སྲོང་ལྡེ་བཙན་གྱིས་རང་ཉིད་སྐྱེས་པའི་ཡུམ་རྒྱ་བཟའ་ཡིན་པར་ཁས་ལེན་གནང་སྟེ་རྒྱལ་ཁ་རྒྱ་བཟར་ཐོབ་པའི་དབང་གིས་རི་འདི་གཉིས་ཀྱི་མཇུག་མ་སྦྲེལ་བ་བཅད་པའི་ཉམས་གསོའི་ཆེད་དུ་རི་སྣ་གཉིས་ཀྱི་བར་མཆོད་རྟེན་འདི་བཞེངས་པ་ཡིན་ཞེས་ཟེར་རྒྱུན་འདུག ལོ་རྒྱུས་ཡིག་ཆ་ཁག་མང་པོའི་ནང་། རི་སྣ་གཉིས་མཇུག་མ་སྦྲེལ་བ་བཅད་པའི་རི་ནི་སྟག་རི་སྟེ་ཡོངས་གྲགས་སུ་བར་མ་རིར་འབོད་པ་དེ་དང་། སེང་རི་ནི་ལྕགས་པོ་རི་ཡིན་གཅིག་མཐུན་བྱུང་བས་གང་ཡིན་བརྟག་དགོས།

language:
Tibetan