- sa dmar dgon
- ID:
- T245835
- ས་དམར་དགོན (Tibetan, Tibetan script, Original)
- > sa dmar dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > sa mar gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་དམར་དཔལ་རྗེ་དགོན་མི་འགྱུར་ངེས་དོན་གླིང་དང་ཞིག་ནང་ས་དམར་དགོན་ཞེས་ཀྱང་གྲགས། རབ་བྱུང་དགུ་པའི་མཇུག་དང་བཅུ་པའི་མགོ་ཙམ་སྟེ་སྤྱི་ལོ (༡༥༦༦) - (༡༥༦༧) ཙམ་ལ་རྡོ་ཚ་བླ་མ་དང་བླ་མ་དོན་ཡོད་སོགས་ཀྱིས་བཞེངས་པའི་བྱང་ཆུབ་མཆོད་རྟེན་སོགས་བཞེངས་ལ་རི་ཁྲོད་མཛད། རྗེས་སུ་བླ་མ་བཟང་དགའ་རིན་པོ་ཆེས་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོར་སྔར་ཡོད་མཆོད་རྟེན་དཀྱིལ་དུ་བཞག་ནས་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་བྱས་པ་སོགས་ཀྱིས་དགོན་པ་ཆགས། གྲུབ་མཐའ་ཇོ་ནང་བ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་ཁོངས་སུ་ཡོད།
- language:
- Tibetan