Skip to main content Skip to search
sa rmyug ri mo
ID:
T245837
  • ས་རྨྱུག་རི་མོ (Tibetan, Tibetan script, Original)
    • > sa rmyug ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sa nyuk rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་རྨྱུག་ཚོས་ལྡན་སྣ་ཚོགས་སྤྱད་ནས་བྲིས་པའི་རི་མོ་ཞིག་ཡིན་སྟབས་ས་རྨྱུག་ཚོས་ལྡན་རི་མོ་ཡང་ཟེར། དེ་ནི་ཤོག་བུ་རྩུབ་ཤས་ལྡན་པའི་སྟེང་དུ་ཚོས་ལྡན་ས་རྨྱུག་སྤྱད་ནས་རི་མོ་འབྲི་ཡི་ཡོད། དེའི་འབྲི་ཐབས་ནི་ནག་བྲིས་ཀྱི་ཞ་རྨྱུག་རི་མོའམ་སོལ་པིར་རི་མོ་དང་ཧ་ཅང་འདྲ་པོ་ཡོད། ཚོན་མདངས་ཐད་ཆུ་ཚོན་རི་མོའམ་སྣུམ་ཚོན་རི་མོ་དང་ཅུང་ཟད་འདྲ་པོ་ཡོད། རྒྱུན་དུ་ནག་པང་གི་ངོས་སུ་ས་རྨྱུག་སྤྱད་ནས་རྒྱན་རིས་སྣ་ཚོགས་དང་དྲིལ་བསྒྲགས་རི་མོ་སྣ་ཚོགས་འབྲི་སྲོལ་མཆིས། ས་རྨྱུག་རི་མོའི་ཁྱད་ཆོས་ནི་དྭངས་གསལ་མེད་ལ་འོད་མེད་པ། རི་མོ་བྲིས་ཚར་རྗེས་སོབ་སོབ་དང་སྐྱ་ཤས་ཆེ་ཞིང་མཛེས་ཆ་དོད་པའི་ཕན་འབྲས་མངོན། འོན་ཀྱང་ཉར་ཚགས་བྱེད་པར་སྟབས་བདེ་མེད་པའོ།།

language:
Tibetan