- sa tshags
- ID:
- T245838
- ས་ཚགས (Tibetan, Tibetan script, Original)
- > sa tshags (Tibetan, Latin script, Transliteration-THL Extended Wylie Transliteration)
- > sa tsak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་འོག་གི་ཚགས་ཀྱང་ཟེར། དེ་ནི་སྣང་ཆ་རིག་པའི་མིང་ཚིག་ཅིག་ཡིན། ས་ངོས་དང་མཉམ་འགྲིག་མིན་པ་དང་། ཉེ་མཐོ་རིང་དམའི་ཐུར་དུ་ཟུག་པའི་འགྱུར་ཚང་མ་ས་ངོས་སྙོམ་ཐིག་གི་འོག་ངོས་ཀྱི་ཚགས་གང་རུང་ཞིག་གི་སྟེང་དུ་གཅིག་སྡུད་དང་ཡལ་འགྲོ་བའི་རིགས་ཐམས་ཅད་ལ་ས་ཚགས་ཟེར། ཁ་ཕྱོགས་དང་བསེགས་ཚད་མི་འདྲ་བའི་ཐུར་དུ་ཟུག་པའི་འགྱུར་ཐིག་རྣམས་རང་སོ་སོའི་ས་ཚགས་ཀྱི་གནས་སུ་གཅིག་སྡུད་དང་ཡལ་འགྲོ་བ་ཡིན། ས་ཚགས་ནི་གཙོ་ཚགས་སམ་ཡང་ན་བར་ཚགས་དང་ལྷག་ཚགས་ཀྱི་འོག་ཏུ་གནས་པའི་དྲང་ཐིག་སྟེང་དུ་ཡོད།
- language:
- Tibetan