Skip to main content Skip to search
sa gzhi pad+ma 'dab brgyad
ID:
T245848
  • ས་གཞི་པདྨ་འདབ་བརྒྱད (Tibetan, Tibetan script, Original)
    • > sa gzhi pad+ma 'dab brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sa shyi pema dab gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྷ་ས་གྲོང་ཁྱེར་ཆགས་སའི་དབྱིབས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ་སྟེ། དེའི་རྩི་ཚུལ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའིརྒྱལ་དབང་སྐུ་ཕྲེང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལེའུ་དང་པོ་ལས། དགའ་བཞི་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་སྟེང་ནས་ཕྱོགས་མཚམས་ཀྱི་ས་དབྱིབས་ལ་ཞིབ་ཏུ་བརྟགས་པ་ན། ལུང་པའི་སྲང་ཁ (ཤུར་ཁ) དང་རི་བོ་རྣམས་བསྣོལ་བའི་མཚམས་དང་ལའི་འགྲུལ་ལམ་བཅས་ཀྱི་ཐོག་ནས་པདྨ་འདབ་བརྒྱད་ཀྱི་རྣམ་པ་གསལ་བར་འཆར་བ་སྟེ། དེ་ཡང་ཤར་ཕྱོགས་སྟག་རྩེ་ངོས་ཀྱི་བྱང་རི་དང་ལྷོ་བྲག་དཀར་གྱི་རི་གཉིས་བསྣོལ་མཚམས་མལ་དྲོ་ཕྱོགས་སུ་འགྲོ་བའི་ལམ་ཆེན་གྱི་ཐད་དུ་ཟུར་གཅིག ཆོས་ལུང་། སྐམ་པོ་ཡུང་། གྲིབ་རྣམས་ཀྱི་ལུང་པ་དང་ལ་བཅས་ལ་ཟུར་རེ་རེ། ལྷོ་ནུབ་སྐྱིད་སྨད་ཀྱི་ཕྱོགས་སྣེའུ་དང་སྟོད་ལུང་གི་རི་བསྣོལ་མཚམས་ཆུ་ཤུལ་ཕྱོགས་ཀྱི་ལམ་ཆེན་དང་སྐྱོར་མོ་ལུང་གི་རྒྱབ་རི་ཡབ་རི་བསྣོལ་མཚམས་སུ་ཟུར་གཅིག ནུབ་བྱང་ཉང་བྲན་གྱི་ཕུ་དང་དོག་བདེ་གཉིས་ཀྱི་ལུང་ཤུར་དང་ལ་གཉིས་ཟུར་རེ་རེ་བཅས་ཟུར་བརྒྱད་པོ་དེ་ཡིན་ཞེས་གསུངས།

language:
Tibetan