- sangs rgyas kyi sku bzhi
- ID:
- T245887
- སངས་རྒྱས་ཀྱི་སྐུ་བཞི (Tibetan, Tibetan script, Original)
- > sangs rgyas kyi sku bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye kyi ku shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1)ཆོས་སྐུ། (2)ལོངས་སྐུ། (3)སྤྲུལ་སྐུ། (4)ངོ་བོ་ཉིད་སྐུ། མདོ་རྒྱུད་འགའ་ཞིག་ལས་སྐུ་བཞི་བཤད་པ་ལྟར་ན། ༡ དང་པོ་ཆོས་སྐུ་ནི། དབྱིངས་རང་བཞིན་གྱིས་རྣམས་པར་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་ལས་གྲོལ་བ་དང་དག་པ་གཉིས་དང་ལྡན་པའོ། ། ༢ གཉིས་པ་ལོང་སྤྱོད་རྫོགས་པའི་སྐུ་ནི། གནས་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ། གསུང་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ། ཐུགས་ཡེ་ཤེས་བཞིའི་རང་བཞིན་ཅན། འཁོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཚིམ་པར་མཛད་པའོ། ། ༣ གསུམ་པ་སྤྲུལ་པའི་སྐུ་ནི་། ངོ་བོ་ལོངས་སྐུའི་བདག་རྐྱེན་ལས་བྱུང་བ། ཡུལ་ནམ་མཁའ་མཐའ་དང་མཉམ་པའི་གདུལ་བྱ་གང་ན་གནས་པ་ན། དུས་རྒྱུན་མི་འཆད་པར། ཕྲིན་ལས་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་སྟེ། དེ་ལའང་དབྱེ་ན་སྤྲུལ་པ་གསུམ་ལས། སྐྱེ་བའི་སྤྲུལ་པ་དགའ་ལྡན་དུ་བཞུགས་པ་ལ་སོགས་པ། མཆོག་གི་སྤྲུལ་པ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་མ། བཟོའི་སྤྲུལ་པ་དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་དུ་མའོ། ། ༤ ངོ་བོ་ཉིད་སྐུ་ནི། དེ་ལྟ་བུའི་སྐུ་གསུམ་དབྱེར་མི་ཕྱེད་པའི་ཁྱད་པར་འགའ་ངོ་བོ་ཉིད་ཀྱི་སྐུར་བཞེད་དོ། ། འདི་གསང་སྔགས་ཀྱི་རྒྱུད་སྡེ་ལས་གཙོ་ཆེར་གྲགས་སོ། །
- language:
- Tibetan