- sangs rgyas kyi chos gzhan dang ma 'dres pa bco brgyad
- ID:
- T245890
- སངས་རྒྱས་ཀྱི་ཆོས་གཞན་དང་མ་འདྲེས་པ་བཅོ་བརྒྱད (Tibetan, Tibetan script, Original)
- > sangs rgyas kyi chos gzhan dang ma 'dres pa bco brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye kyi chö shyen dang madrepa chobgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགེ་སློང་གཏུམ་པོ་སོགས་ཀྱི་གནོད་པ་བྱུང་བ་དང་འགྲོགས་པ་སོགས་སྐུའི་སྤྱོད་པ་འཁྲུལ་བ་མི་མངའ་བ། ནགས་སྟུག་པོར་དོན་མེད་ཀྱི་སྒྲ་འབྱིན་པ་སོགས་གསུང་ཅ་ཅོ་མི་མངའ་བ། བརྗེད་ངེས་ཀྱི་བྱ་བ་ཤོར་བ་སོགས་དྲན་པ་ཉམས་པ་མི་མངའ་བ། སྟོང་པ་ཉིད་ཀྱི་དོན་ལ་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། འཁོར་འདས་གཉིས་ལ་བླང་དོར་ངོ་བོ་ཉིད་ཀྱི་གྲུབ་པའི་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ། གདུལ་བྱའི་རྒྱུད་ལ་འཕྲིན་ལས་མཛད་པ་དུས་ལ་མ་བབ་ན་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དང་དྲུག་སྟེ་སྤྱོད་པ་མ་འདྲེས་པ་དྲུག སེམས་ཅན་གྱི་དོན་མཛད་པའི་འདུན་པ་ཉམས་པ་མི་མངའ་བ། གདུལ་བྱ་གང་ན་ཡོད་པའི་གནས་སུ་གཤེགས་པ་ལ་སྤྲོ་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ། སེམས་ཅན་འདུལ་བའི་ཐབས་མི་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་ཏི་ངེ་འཛིན་ལ་ཉམས་པ་མི་མངའ་བ། ཇི་ལྟ་ཇི་སྙེད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལས་ཉམས་པ་མི་མངའ་བ། སྒྲིབ་པ་སྤང་བའི་རྣམ་གྲོལ་ལམ་ལས་ཉམས་པ་མི་མངའ་བ་དང་དྲུག་སྟེ་རྟོགས་པ་མ་འདྲེས་པ་དྲུག སྤྱོད་ལམ་བཞིའི་གདུལ་བྱ་འདུལ་བ་སྐུའི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ཆོས་དང་ལྡན་པ་དང་། དོན་དང་ལྡན་པའི་གཏམ་མཛད་པའི་གསུང་གི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་གསུམ་སྟེ་འཕྲིན་ལས་མ་འདྲེས་པ་གསུམ། འདས་པའི་དུས་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། མ་འོངས་པའི་དུས་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། ད་ལྟ་བ་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་གསུམ་སྟེ། ཡེ་ཤེས་མ་འདྲེས་པ་གསུམ་དང་བཅས་ཏེ་བཅོ་བརྒྱད་དོ། །འདི་ནི་ཕར་ཕྱིན་ལས་བྱུང་བ་ལྟར་ཡིན་ནོ། །མངོན་པ་མཛོད་ལས་གསུངས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེར་བཞག་གསུམ། ཐུགས་རྗེ་ཆེན་པོ་དང་བཅོ་བརྒྱད་དོ།། འདི་རྣམས་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ཁོངས་སུ་གཏོགས་སོ། །
- language:
- Tibetan