- sangs rgyas kyi ye shes yod med dpyad pa la gnyis
- ID:
- T245898
- སངས་རྒྱས་ཀྱི་ཡེ་ཤེས་ཡོད་མེད་དཔྱད་པ་ལ་གཉིས (Tibetan, Tibetan script, Original)
- > sangs rgyas kyi ye shes yod med dpyad pa la gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye kyi yeshe yömé chepa la nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དོན་དམ་དང་ཀུན་རྫོབ་གཉིས་ལས། དང་པོ་ནི། བློའི་ཡུལ་ལས་འདས་པའི་ཕྱིར་ཏེ། ཡོད་མེད་ཀྱི་མཐའ་ཐམས་ཅད་ལས་གྲོལ་བ་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་སོ། ། གཉིས་པ་ནི། ཀུན་རྫོབ་ཏུ་ཡང་སེམས་དང་སེམས་ལས་བྱུང་བ་ལ་ཡེ་ཤེས་སུ་འདོགས་ན། མེད་དེ་འཁྲུལ་པ་ཟད་པའི་ཕྱིར་རོ། ། ཤེས་བྱ་མ་ལུས་པ་མཁྱེན་པ་ལ་ལྟོས་ནས་ཡེ་ཤེས་ཡོད་དེ། གནས་འགྱུར་གྱི་སྐུ་བརྙེས་པའི་ཕྱིར་ཏེ། ཉོན་མོངས་པ་ཅན་གྱི་ཡིད་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར་པས་སོ། ། རྒྱས་པ་ལྟ་བ་འདོད་ན་ཐུབ་པ་དགོངས་གསལ་ལ་གཟིགས།
- language:
- Tibetan