- sangs rgyas kyi lung
- ID:
- T245901
- སངས་རྒྱས་ཀྱི་ལུང (Tibetan, Tibetan script, Original)
- > sangs rgyas kyi lung (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye kyi lung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱིར་དམ་པའི་ཆོས་ཀྱི་ལུང་ནི་ངོ་བོའི་སྒོ་ནས་དབྱེ་ན་རྣམ་པ་བཅུས་ལེགས་པར་གསུངས་པའི་བཀའ་དང་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་གཉིས་ཡོད་པ་ལས། སྔ་མའི་དབང་དུ་བྱས་ན་རང་གི་བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བའི་གསུང་རབ་གང་ཞིག་རྣམ་པ་བཅུས་ལེགས་པར་གསུངས་པའི་བཀའོ། །རྣམ་པ་བཅུ་ནི་རྣམ་བཤད་རིགས་པར་ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ནོ་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ༡ ཡང་དག་པར་བླང་བ་ཉིད་ཀྱིས་དང་། ༢ དབང་དུ་མཛད་པ་ཉིད་ཀྱིས་དང་། ༣ འཇུག་པ་ཉིད་ཀྱིས་དང་། ༤ རབ་ཏུ་བསྟན་པ་ཉིད་ཀྱིས་དང་། ༥ རབ་ཏུ་དབྱེ་བ་ཉིད་ཀྱིས་དང་། ༦ རྟེན་ཉིད་ཀྱིས་དང་། ༧ གོ་བར་མཛད་པ་ཉིད་ཀྱིས་དང་། ༨ གདགས་པ་ཉིད་ཀྱིས་དང་། ༩ དུས་ཉིད་ཀྱིས་དང་། ༡༠ ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་སོ། །
- language:
- Tibetan