- sangs rgyas dgung lo bcu gnyis pa'i sku tshad
- ID:
- T245908
- སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད (Tibetan, Tibetan script, Original)
- > sangs rgyas dgung lo bcu gnyis pa'i sku tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye gunglo chunyipé kutsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔར་སངས་རྒྱས་ཞལ་བཞུགས་སྐབས་སྤྲུལ་པའི་བཟོ་བོ་བི་ཤཱ་ཀརྨས་རིན་པོ་ཆེ་སྣ་ཚོགས་བསྲེས་པ་ལས་བཞེངས་པའི་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་གྱི་འདྲ་སྐུ་སྟེ། འདི་ནི་རྒྱ་གར་དུ་རྒྱལ་རབས་མང་པོའི་རིང་རྡོ་རྗེ་གདན་དུ་བཞུགས་པ་ལ། རྒྱལ་པོ་དྷརྨ་ཕ་ལས (འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རྡོ་རིང་ནང་འཁོད་པའི་རྒྱལ་པོ་དྷརྨ་པཱ་ལ་དང་མི་འདྲ) སྲིད་དབང་བཟུང་སྐབས་རྒྱ་ནག་གི་རྒྱལ་པོ་སྤྲི་སྡི་མ་ཛ་ཡ་དང་ཕན་ཚུན་མ་མཐོང་བའི་གྲོགས་པོ་བྱས་ཏེ་སྐྱེས་བསྐུར་རེས་བྱེད་ཀྱི་ཡོད་པ་ལ། ཐེངས་ཤིག་རྒྱ་ནག་གི་རྒྱལ་པོས་སངས་རྒྱས་ཀྱིས་སྐུ་བརྙན་འདི་དང་། མདོ་སྡེ་ལྔ། དགེ་སློང་བཞི་སྡེ་གཅིག་བཅས་གནང་རོགས་ཞུས་པ་ལྟར་བསྐུར་སྟེ། རྒྱ་གར་ནས་རྒྱ་ནག་བརྒྱུད་ཆུ་ཐོག་ཏུ་གདན་དྲངས། རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས་སྐབས། ཡབ་རྒྱལ་པོ་ཐང་ཐའེ་ཙུང་གིས་བུ་མོའི་རྟེན་སྐལ་དུ་གནང་ནས་བོད་དུ་ཕེབས། ར་མོ་ཆེ་གཙུག་ལག་ཁང་བཞེངས་པའི་ནང་རྟེན་གྱི་གཙོ་བོར་བཞུགས་པ་ལས། རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འདས་རྗེས་མང་སྲོང་གི་དུས་སྐབས་སུ་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོའི་ཞལ་བཀོད་ལྟར་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་དང་ཕན་ཚུན་བཞུགས་ས་རྗེས་ཏེ་དེང་སང་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཉམས་ཆག་མེད་པར་བཞུགས་ཡོད།
- language:
- Tibetan