Skip to main content Skip to search
sangs rgyas dgon
ID:
T245909
  • སངས་རྒྱས་དགོན (Tibetan, Tibetan script, Original)
    • > sangs rgyas dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sangye gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་འདིའི་ཐོག་མའི་མིང་ལ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་ཟེར། སྐར་ཆུང་གཙུག་ལག་ཁང་ཡང་ཟེར། བོད་རྒྱལ་བཞི་བཅུ་པ་ཁྲི་རལ་ཅན་གྱིས་རང་གི་མཛད་རྗེས་གཙོ་བོ་བསྟན་པའི་ཆེད་དུ་ལྷ་ཁང་འདི་བཞེངས། གཙུག་ལག་ཁང་འདི་ཆུས་འཇིགས་རྗེས་ལ་ཕར་རྒྱབ་ཀྱི་ཨ་ནེའི་གྱང་རལ་ཞེས་པའི་འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་མ་རྣམས་གནས་འདིར་སྤོས་ནས་བཞུགས་པ་ལ་སངས་རྒྱས་དགོན་ཞེས་མིང་བསྒྱུར། (༡༩༠༥) ལོའི་ས་སྐྱ་རྣམ་རྒྱལ་སེར་ཁང་གི་མཁན་ཟུར་ཀུན་དགའ་རྒྱལ་མཚན་གྱིས་གྲུབ་མཐའ་ས་སྐྱ་ལ་བསྒྱུར། ས་སྐྱ་ངོར་ལུགས་ཀྱི་ཕྱག་ལེན་མཛད། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད།

language:
Tibetan