- sangs rgyas sgom pa
- ID:
- T245910
- སངས་རྒྱས་སྒོམ་པ (Tibetan, Tibetan script, Original)
- > sangs rgyas sgom pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye gompa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ཉིད་རུས་པ་འབེའི་ནང་ཚན་ཟི་ཚ་ཡིན་ཞིང་། ཡང་འབེ་སྤྱན་རས་གཟིགས་དང་ཡུམ་བྱི་བཟའ་རྒྱས་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་འབྲུག༡༡༦༠ལོར་ཡུལ་གཞུང་གི་སྣེའུ་གདོང་པར་སྐུ་འཁྲུངས། བྱིས་པའི་དུས་ནས་ལྐོག་གྱུར་མང་པོ་ཤེས་པའི་གསལ་སྣང་ཡོད་པ་ཞིག་བྱུང་། དགུང་ལོ་བཅུ་བཞི་ལ་ཕེབས་སྐབས་མཁན་པོ་སྦལ་ཏི་དང་། དགེ་བཤེས་འགར་གྱིས་སློབ་དཔོན་བྱས་ནས་རབ་ཏུ་བྱུང་། མཚན་རྡོ་རྗེ་གཞོན་ནུར་གསོལ། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་རིན་པོ་ཆེ་གླང་ལུང་པའི་སར་བྱོན། གླང་ལུང་པ་ལོ་བཅུ་བཞིའི་བར་དུ་བསྟེན། གདམས་པ་རྣམས་ཚང་བར་ཐོབ། གླང་ལུང་པ་གཤེགས་རྗེས་དད་མོ་ལྷ་ཁང་དུ་ཟོ་གསོད་ལོ་དྲུག་མཛད། དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ལ་བྲང་ར་མོ་ཆེར་མཁན་པོ་སྦལ་ཏི་དང་། སློབ་དཔོན་མྱང་ངན་དང་། གསང་སྟེ་བ་དགེ་བཤེས་སྦས་ཀྱིས་མཛད་ནས་བསྙེན་པར་རྫོགས། བཞི་བཅུ་རྩ་གཅིག་པ་ལ་ཚོགས་བཤད་མཛད། ཞེ་གཉིས་པ་ལ་གདན་སར་བྱོན། གླང་ལུང་པ་ཆུ་གླང་ལ་གཤེགས་ནས་སངས་རྒྱས་སྒོམ་པས་ཞེ་གཉིས་པ་ལ་གདན་སར་བྱོན་པའི་བར་དེར་སེས་ལོ་དྲུག་ཙམ་རིང་གདན་ས་བསྐྱངས་ཟེར་ཏེ། ལོ་བྱ་ཡུལ་བ་རྣམས་བླ་མ་བརྒྱུད་པ་ལ་ནི་སེ་མི་བགྲང་བར་འདུག སངས་རྒྱས་སྒོམ་པས་གདན་ས་ཡུན་རིང་བསྐྱངས་ནས་མཐར་དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ས་གླང༡༢༢༩ལོར་སྐུ་གཤེགས།
- language:
- Tibetan