Skip to main content Skip to search
sangs rgyas sgom pa seng ge skyabs
ID:
T245911
  • སངས་རྒྱས་སྒོམ་པ་སེང་གེ་སྐྱབས (Tibetan, Tibetan script, Original)
    • > sangs rgyas sgom pa seng ge skyabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sangye gompa sengé kyab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ཉིད་རབ་བྱུང་གསུམ་པའི་ས་མོ་ཕག༡༡༧༩ལོར་ལྕགས་ཀྱི་སྐྱོ་ལུང་དྲོའི་ཕུ་ཁའུ་བྱ་བར་གསང་སྔགས་རྙིང་མའི་སློབ་དཔོན་ཞིག་གི་སྲས་སུ་སྐུ་འཁྲུངས། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། མཁན་པོ་གོང་མ་གཉིས་ལས་གདམས་ངག་མ་ལུས་པ་གསན། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་ལྕགས་གླང་ལོར་སྣ་ཐང་གི་གདན་ས་བཟུང་། བློ་སྦྱོང་ཚོགས་བཤད་པ་ཞེས་བྱ་བ་རྨད་དུ་བྱུང་བའི་ལེགས་བཤད་གཅིག་ཀྱང་རྩོམ་པར་མཛད། གདན་ས་ལོ་བཅུའི་བར་བསྐྱངས། དེ་ནས་མཆིམས་ནམ་མཁའ་གྲགས་རང་ཉིད་ཀྱི་རྒྱལ་ཚབ་ཏུ་བསྐོ་གཞག་མཛད་ནས་ཀུན་སྤང་མཛད་དེ་རྟ་ཤིང་ལུང་ཞེས་པ་བྱང་ཆུབ་ཆེན་པོའི་དབེན་གནས་སུ་ཕེབས་སྐབས་དགེ་འདུན་པ་རྣམས་ཀྱིས་སྐྱེལ་མ་ཞུས་པས། ས་མཚམས་སུ་བླ་མ་མ་ཎི་བསྐུལ་ཅིག་གསུངས་པ་ལ་དེང་དུས་ཀྱང་མ་ཎི་བསྐུལ་ཅིག་ཏུ་གྲགས་པའི་རྡོ་ཕུང་ཞིག་ཀྱང་ཡོད། བླ་མ་འདིས་སྐལ་ལྡན་གྱི་འདུལ་བྱ་བགྲང་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ནས་མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་བཞི་པའི་ལྕགས་ཁྱི༡༢༥༠ལོར་སྐུ་གཤེགས་ཞིང་། ཞལ་ཆེམས་ལྟར་གདུང་རྟེན་ནི་བྲག་སྐྱིབས་མངོན་གསལ་ཆེན་བ་ཞིག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་བའི་གནས་དེ་ལ་བྱང་ཆུབ་ཆེན་པོའི་དབེན་གནས (བྱང་ཆུབ་སྒར་རི) ཞེས་གྲགས་པ་ཡིན་ནོ། །བླ་མ་འདིའི་གདུང་རྟེན་གཅིག་ནི་ཆོས་སྡེའི་གདུང་རྟེན་གྱི་གྲལ་བཞི་པ་ན་བཞུགས་སོ། །

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1179 ལོར་ལྕགས་ཀྱི་སྐྱོ་ལུང་དྲོའི་ཕུ་ཁའུ་བྱ་བར་གསང་སྔགས་རྙིང་མའི་སློབ་དཔོན་ཞིག་གི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1250 ལོར་སྐུ་གཤེགས། ཁོང་དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། མཁན་པོ་གྲོ་སྟོན་བདུད་རྩི་གྲགས་པ་ལས་བཀའ་གདམས་པའི་གདམ་ངག་མ་ལུས་པ་གསན། དགུང་ལོ་དྲུག་ཅུ་རེ་གསུམ་པར་སྣར་ཐང་གི་གདན་སར་ཕེབས། 《བློ་སྦྱོང་ཚོགས་བཤད》 ཞེས་བྱ་བ་རྨད་དུ་བྱུང་བའི་ལེགས་བཤད་གཅིག་ཀྱང་བརྩམས་པར་མཛད། གདན་ས་ལོ་ངོ་བཅུའི་རིང་དུ་བསྐྱངས། དེ་ནས་མཆིམས་ནམ་མཁའ་གྲགས་པ་གདན་སར་བཀོད་དེ་ཁོང་ཉིད་རྟ་ཤི་ལུང་ཞེས་པ་བྱང་ཆུབ་ཆེན་པོའི་དབེན་གནས་སུ་ཕེབས་ཏེ་ཐུགས་དམ་མཛད་ནས་སྐལ་ལྡན་གྱི་གདུལ་བྱ་མང་པོ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པ་མཛད་དོ། ཁོང་གི་གདུང་རྟེན་ནི་ཞལ་ཆེམས་ལྟར་བྲག་སྐྱིབས་མངོན་གསལ་ཆེ་བ་ཞིག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནང་དུ་བཞུགས་སུ་བཅུག་གོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་དྲུག་པ་ཡིན། །[1736]

language:
Tibetan