Skip to main content Skip to search
sangs rgyas yar byon shes rab bla ma
ID:
T245919
  • སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ (Tibetan, Tibetan script, Original)
    • > sangs rgyas yar byon shes rab bla ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sangye yar jön sherab lama (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་ཡར་བྱོན་ཡང་ཞུ། རྗེ་འདི་ནི་ཡུལ་ར་སྟེངས་ཀྱི་གདོང་སྣར་ཡབ་ཆེན་མགོ་རྒྱལ་དང་ཡུམ་ལྷ་མོ་དཔལ་གྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕག༡༢༠༣ལོར་སྐུ་བལྟམས། སྐུ་གཞོན་བྱིས་པའི་དུས་ནས་དད་པ་དང་བརྩོན་འགྲུས་སྙིང་རྗེ་ཆེ་ལ། དགེ་སྦྱོར་ལ་ཐུགས་མཉེས་ཤིང་། གཅིག་པུར་དབེན་པར་སྤྱོད་པ་ལ་སྤྲོ་བ་ཞིག་བྱུང་། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་མཁན་ཆེན་ག་སྟོན་བླ་མ་དང་སློབ་དོན་ལྷ་ཁང་ལྟག་པ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་བླ་མར་གསོལ། འདུལ་བའི་ཕྲན་རྣམས་ཀྱང་གསན། དེ་ནས་སློབ་དཔོན་ནགས་པ་ལས་གདམས་པ་མང་དུ་གསན་ཞིང་། ས་ཕུ་དགོན་དུ་སྒྲུབ་པ་མཛད། དགུང་ལོ་བཅུ་དགུ་ལ་དབུས་སུ་བྱོན་ནས་སྟག་ལུང་ཐང་དུ་སྐུ་ཡལ་བ་དང་མཇལ་ཏེ་ཆོས་ཁྲིད་རྣམས་གསན། གཙང་པས་མཁན་པོ་དང་། ཁུ་སྟོན་གྱིས་སློབ་དཔོན། གསང་སྟེ་བ་སློབ་དཔོན་དོན་མོ་རི་པས་མཛད་ནས་བསྙེན་པར་རྫོགས། དེ་ནས་ལོ་བཅོ་ལྔ་བར་དུ་སྒྲུབ་པ་མཛད། དགུང་ལོ་སུམ་ཅུ་སོ་བཞི་ལ་ཕེབས་པ་རབ་བྱུང་བཞི་པའི་མེ་སྤྲེལ༡༢༣༦ལོར་སྟག་ལུང་གི་གདན་སར་ཕེབས། གསེར་འབུམ་དང་། དངུལ་གྱི་གདུང་ཁང་། མཆོད་ཁང་ཆེན་མོའི་ཐོག་ཁང་། དངུལ་སྐུ་ཆེ་ཆུང་སྣ་ཚོགས་སོགས་བཞེངས། དགོན་པར་གསུང་རབ་རྒྱུན་འདོན་དང་ལོ་རེ་བཞིན་འདོན་པའི་སྲོལ་མང་བཙུགས། དགེ་འདུན་སུམ་སྟོང་བརྒྱ་ལྷག་འདུས་པ་རྣམས་ཆོས་དང་ཟང་ཟིང་གིས་ཡང་དག་པར་བསྐྱངས། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གཙོ་བོར་མཛད་ནས་དགེ་འདུན་གྱི་གླིང་རྣམས་ཀྱང་ནག་ཁྲིམས་ལ་སོགས་ཤིན་ཏུ་དམ་པར་མཛད། དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་ལྔ་པའི་ཆུ་སྤྲེལ༡༢༧༢ལོར་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་སྟག་ལུང་སངས་རྒྱས་ཡར་བྱོན་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། །

language:
Tibetan